རྨ་འབྲི་རྫ་གསུམ་གྱི་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་སྟོན་བརྗེ་རེས་ཚོགས་འདུ་བསྡུས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-08-03
ཀློག་གྲངས།:
རྨ་འབྲི་རྫ་གསུམ་གྱི་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་སྟོན་བརྗེ་རེས་ཚོགས་འདུ་བསྡུས་པ།
ཟླ7པའི་ཚེས31ཉིན། 2014ལོའི་རྨ་འབྲི་རྫ་གསུམ་གྱི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་སྟོན་བརྗེ་རེས་ཚོགས་འདུ་དེ་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་གཟབ་རྒྱས་ངང་བསྡུས་པ་རེད།
རྒྱུས་ལོན་པ་ལྟར་ན་བལ་བོ་དང་སིང་ཀ་ཕོར་སོགས་རྒྱལ་ཁབ་བཞི་ནས་ཡོང་བའི་མགྲོན་པོ་དང་ཚོང་བ། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས350ལ་ཉེ་བ་ཡུལ་ཤུལ་དུ་ཡོང་ནས་འགྲེམ་ཚོགས་ལ་ཞུགས།
ཐེངས་འདིའི་འགྲེམ་ཚོགས་ཀྱི་དམིགས་འབེན་གཙོ་བོ་ནི་དབྱར་རྩྭ་དགུན་འབུའི་ཐོན་ཡུལ་དུ་གྱུར་པའི་ཡུལ་ཤུལ་གྱི་ཐོན་ལས་དང་མཚོན་རྟགས་ཀྱི་དགེ་མཚན་མངོན་མཚོན་བྱས་ཐོག ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱས་པར་བརྒྱུད། རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་འབྱུང་རྒྱུ་དེ་ཡིན་པ་རེད
འབྲེལ་ཡོད་འོས་སྦྱོར།