logo

བོད་ལྗོངས་ཀྱི་ལུས་རྩལ་པ་སྤེན་པ་བཀྲ་ཤིས་ཀྱིས་རྒྱལ་ཡོངས་བྲག་འཛེག་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་བླངས།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-28 ཀློག་གྲངས།:

西藏林芝边巴扎西12届全国大学生攀岩锦标赛夺冠
བོད་ལྗོངས་ཀྱི་ལུས་རྩལ་པ་སྤེན་པ་བཀྲ་ཤིས་ཀྱིས་རྒྱལ་ཡོངས་བྲག་འཛེག་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་བླངས།

  ཟླ7པའི་ཚེས24ཉིན། 2014ལོའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སློབ་ཆེན་པའི་བྲག་འཛེག་ལེགས་འདེམ་འགྲན་སྡུར་སི་ཁྲོན་ཁྲིན་ཏུའུ་རུ་སྤེལ་ཞིང་། བོད་ལྗོངས་ཉིང་ཁྲི་ནས་ཡོང་བའི་འགྲན་ཞུགས་པ་སྤེན་པ་བཀྲ་ཤིས་ལགས་ཀྱིས་བྲག་འཛེག་དཀའ་ཚད་འགྲན་སྡུར་དང་རྡོ་འཇུའི་བྲག་འཛེག་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་བླངས་པ་རེད།
  ཐེངས་འདིའི་འགྲན་སྡུར་ཉིན་བཞིའི་རིང་ལ་བསྡུས་པ་དང་། པེ་ཅིང་སློབ་ཆེན་དང་ཏུང་ཧྭ་སློབ་ཆེན། ཨོ་མིན་སློབ་ཆེན་སོགས་སློབ་ཆེན40ནས་ཡོང་བའི་ལུས་རྩལ་པ245དང་རུ་ཁག་སྣེ་ཁྲིད་པ93། རྩལ་ཁྲིད་དགེ་རྒན་སོགས་འགྲན་སྡུར་ཁྲོད་ཞུགས་པ་རེད།


བོད་ལྗོངས་ཀྱི་ལུས་རྩལ་པ་སྤེན་པ་བཀྲ་ཤིས་ཀྱིས་རྒྱལ་ཡོངས་བྲག་འཛེག་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་བླངས།


འབྲེལ་ཡོད་འོས་སྦྱོར།