logo

རྒྱལ་ཁབ་སྤུས་ཚད་ཞིབ་དཔྱད་ལྟེ་གནས་ཀྱི་བོད་སྐད་ཡིག་ཡན་ལག་ལྟེ་གནས་བཙུགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-24 ཀློག་གྲངས།:
  ཟླ7པའི་ཚེས22ཉིན། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའི་སྤུས་ཚད་ཞིབ་དཔྱད་ལྟེ་གནས་ཀྱི་བོད་སྐད་ཡིག་ཡན་ལག་ལྟེ་གནས་བཙུགས་པ་དང་བོད་སྐད་ཡིག་དཔེ་སྐྲུན་དངོས་རིགས་ཀྱི་སྤུས་ཚད་ཞིབ་དཔྱད་བྱ་བའི་བཞུགས་མོལ་ཚོགས་འདུ་བོད་ལྗོངས་ལྷ་ས་རུ་བསྡུས་ཤིང་། བོད་སྐད་ཡིག་ཡན་ལག་ལྟེ་གནས་ནི་རྒྱལ་ཡོངས་སུ་མི་རིགས་ས་ཁུལ་དུ་བཙུགས་པ་དང་མི་རིགས་ཀྱི་སྐད་དང་ཡི་གེ་དེ་བསྒྲུབ་བྱའི་བྱ་བ་རུ་བཟུང་བའི་དཔེ་སྐྲུན་དངོས་རིགས་ཀྱི་སྤུས་ཚད་ཞིབ་དཔྱད་ཡན་ལག་ལྟེ་གནས་ཐོག་མ་ཡིན་ལ། ཡན་ལག་ལྟེ་གནས་བཙུགས་པ་དེས་བོད་སྐད་ཡིག་དཔེ་སྐྲུན་དངོས་རིགས་ཀྱི་སྤུས་ཚད་ཞིབ་དཔྱད་བྱ་བ་ཆུ་ཚད་གསར་བ་དང་རིམ་པ་གསར་བ་ཞིག་ཏུ་བསླེབ་ཏུ་འཇུག་ངེས་པར་མ་ཟད། བོད་སྐད་ཡིག་གི་སྤུས་ཚད་ཞིབ་དཔྱད་ཚད་གཞི་གཅིག་གྱུར་བྱེད་པར་དགེ་མཚན་ཆེན་པོ་ལྡན།


འབྲེལ་ཡོད་འོས་སྦྱོར།