བོད་ལྗོངས་རིག་གནས་གནས་སྐོར་གྱི་རྒྱལ་སྤྱིའི་བཤམས་སྟོན་འདུ་ཚོགས་སྐབས་དང་པོ་ཟླ9པར་བསྡུ་རྒྱུ་རེད།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-07-22
ཀློག་གྲངས།:
ཟླ7པའི་ཚེས19ཉིན། བོད་ལྗོངས་རིག་གནས་གནས་སྐོར་གྱི་རྒྱལ་སྤྱིའི་བཤམས་སྟོན་འདུ་ཚོགས་སྐབས་དང་པོ་དེ་ད་ལོའི་ཟླ9པར་བོད་ལྗོངས་ལྷ་ས་རུ་བསྡུ་རྒྱུ་རེད།
བོད་ལྗོངས་བཤམས་སྟོན་འདུ་ཚོགས་ཀྱིས་འཛམ་གླིང་ཡང་རྩེ་རུ་མངའ་བའི་རང་བྱུང་མཛེས་ལྗོངས་དང་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྱབ་སྒྲོག་བྱེད་པ་དང་། བོད་ལྗོངས་གནས་སྐོར་དང་རིག་གནས། ཁྱད་ལྡན་ཐོན་རྫས་ཀྱི་མཚན་སྙན་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་དགེ་མཚན་ལྡན་པ་རེད།
བོད་ལྗོངས་བཤམས་སྟོན་འདུ་ཚོགས་དེ་བོད་ལྗོངས་རིག་གནས་གནས་སྐོར་གྱི་སྣང་བརྙན་གྱི་རྒྱལ་ཡོངས་རང་བཞིན་དང་། རྒྱལ་ཁབ་རིམ་པ། རྒྱལ་སྤྱི་ཅན་གྱི་མཐོ་གྲས་འགྲེམ་ཚོགས་ཤིག་ཏུ་འགྱུར་ངེས་ཤིང་། ཕྱོགས་ཀུན་ཏུ་བོད་ལྗོངས་ཀྱི་སྣང་བརྙན་མཚོན་པར་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་དང་འགྲེམ་བྱེད་ཅིག་ཀྱང་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།