logo

གཙང་གསུམ་འབྱུང་ཡུལ་རྒྱལ་སྤྱིའི་པར་ལེན་དུས་ཆེན་གྱི་མགོ་བརྩམས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-21 ཀློག་གྲངས།:

གཙང་གསུམ་འབྱུང་ཡུལ་རྒྱལ་སྤྱིའི་པར་ལེན་དུས་ཆེན་མགོ་བརྩམས་པ།
གཙང་གསུམ་འབྱུང་ཡུལ་རྒྱལ་སྤྱིའི་པར་ལེན་དུས་ཆེན་གྱི་མགོ་བརྩམས་པ།

     ཉེ་སྔོན། 2014ལོའི་ཀྲུང་གོ(མཚོ་སྔོན)གཙང་གསུམ་འབྱུང་ཡུལ་རྒྱལ་སྤྱིའི་པར་ལེན་དུས་ཆེན་དེ་ཟི་ལིང་མཁར་ལྷོའི་གསར་ཁུལ་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་དངོས་སུ་མགོ་བརྩམས་ཤིང་། འབྲེལ་ཡོད་འགོ་ཁྲིད་དང་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་རིག་གནས་ཁེ་ལས་ཀྱི་འགན་ཁུར་བ་དག་ཐེངས་འདིའི་མཛད་སྒོར་ཞུགས། འདི་ནི2006ལོར་ཐོག་དང་པོར་སྤེལ་བ་ནས་བཟུང་བའི་སྐབས་དྲུག་པ་ཡིན་ལ། སྐབས་འདིའི་པར་ལེན་དུས་ཆེན་དུ་བསྡོམས་པས་ཀྲུང་གོ་དང་།  ཨ་རི། འཇར་མན། ཧྥ་རན་སི། དབྱིན་ཇི་སོགས་རྒྱལ་ཁབ60ལྷག་གི་པར་ལེན་པ600ལྷག་པར་རིས་འགྲེམ་སྟོན་དུ་ཞུགས་ཡོད་པ་དང་། དངོས་བསྡུ་བརྩམས་ཆོས་ཁྲི་ལྷག་འབྱོར་བ་རེད།
     མཚོ་སྔོན་ཞིང་ཨུའི་རྒྱུན་ཨུ་དང་། དྲིལ་སྒྲོག་པུའི་འགོ་གཙོ་ཅི་ཏེ་མཱ་ཀྱཱ་ཡིས་མགོ་རྩོམ་མཛད་སྒོའི་སྟེང་གསུང་རྒྱུར། པར་ལེན་དུས་ཆེན་ནི་རྒྱལ་ཁབ་ཕྱི་ནང་གི་པར་ལེན་པར་བསྐྲུན་པའི་འབྲེལ་འདྲིས་ཀྱི་སྟེགས་བུ་ཞིག་ཡིན་པ་མ་ཟད། མཚོ་སྔོན་ལ་འཛམ་གླིང་རང་བཞིན་གྱི་སྒེའུ་ཁུང་ཞིག་ཕྱེ་བ་ཡིན་ལ། མཛའ་འབྲེལ་དང་སྒྱུ་རྩལ་གྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་རྒྱལ་སྤྱི་རང་བཞིན་གྱི་གར་སྟེགས་ཤིག་ཏུ་ངེས།


འབྲེལ་ཡོད་འོས་སྦྱོར།