logo

མཚོ་སྔོན་བོད་སྨན་ཁང་གི་བློ་མཐུན་པདྨ་ལ་སྐབས་དགུ་བའི་ཀྲུང་གོའི་སྨན་པ་དཀའ་བཅུ་བའི་བྱ་དགའ་ཐོབ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-16 ཀློག་གྲངས།:

མཚོ་སྔོན་བོད་སྨན་ཁང་གི་བློ་མཐུན་པདྨ་ལ་སྐབས་དགུ་བའི་ཀྲུང་གོའི་སྨན་པ་དཀའ་བཅུ་བའི་བྱ་དགའ་ཐོབ།
མཚོ་སྔོན་བོད་སྨན་ཁང་གི་བློ་མཐུན་པདྨ་ལ་སྐབས་དགུ་བའི་ཀྲུང་གོའི་སྨན་པ་དཀའ་བཅུ་བའི་བྱ་དགའ་ཐོབ།

     ཉེ་ལམ།  ཀྲུང་གོའི་སྨན་པ་དཀའ་བཅུ་བའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི་སྐབས་དགུ་བའི་ཀྲུང་གོའི་སྨན་དཀའ་བཅུ་བའི་བྱ་དགའ་གནང་བའི་ཚོགས་ཆེན་དེ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་བསྡུས་ཤིང་། བྱ་དགའ་འདི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིབ་བཤེར་སོར་ཉར་བྱེད་པའི་ཀྲུང་གོའི་སྨན་བཅོས་ལས་རིགས་ཀྱི་ཆེས་མཐོའི་བྱ་དགའ་ཞིག་ཡིན་པ་དང་། རྒྱལ་ཡོངས་ཞིང་ཆེན32(ཐད་གཏོགས་གྲོང་ཁྱེར་དང་། རང་སྐྱོང་ལྗོངས)ཀྱི་སྨན་པ་དཀའ་བཅུ་བ80ལ་ཐེངས་འདིའི་བྱ་དགའ་ཐོབ་ལ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཀླད་སྙིང་ཆེད་མཁས་པ་བློ་མཐུན་པདྨ་ལ་སྐབས་དགུ་བའི་ཀྲུང་གོའི་སྨན་པ་དཀའ་བཅུ་བའི་བྱ་དགའ་ཐོབ། འདི་ནི་རྒྱལ་ཡོངས་བོད་ཀྱི་གསོ་རིག་ཁྱབ་ཁོངས་སུ་བྱ་དགའ་འདི་རིགས་ཐོབ་མཁན་ཉག་ཅིག་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་དུ་བྱ་དགའ་འདི་ཐོབ་མཁན་སྨན་པ་གཅིག་པུའང་ཡིན།


འབྲེལ་ཡོད་འོས་སྦྱོར།