རྒྱལ་ཡོངས་རིག་གནས་མཉམ་སྤྱོད་ལས་གཞིའི་བོད་སྐད་ཡིག་ཐོན་ཁུངས་འཛུགས་སྐྲུན་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ།
ཟླ7པའི་ཚེས12ཉིན་གྱི་སྔ་དྲོར། བོད་སྐད་ཡིག་ཐོན་ཁུངས་འཛུགས་སྐྲུན་ལྟེ་གནས་ཀྱི་སྒོ་བྱང་འགེལ་བ་དང་སྒྲིག་ཆས་ཐོན་ཁུངས་སྐྱེས་འབུལ་གྱི་མཛད་སྒོ་དེ་བོད་ལྗོངས་རྟེན་མཛོད་ཁང་དུ་སྤེལ་ཞིང་། བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་དྲིལ་སྒྲོག་པུའི་འགོ་གཙོ་གཞོན་པའམ་རང་སྐྱོང་ལྗོངས་རིག་གནས་ཐིན་གྱི་འགོ་གཙོ་ཉི་མ་ཚེ་རིང་དང་། རྒྱལ་ཡོངས་སྤྱི་བའི་རིག་གནས་འཕེལ་རྒྱས་ལྟེ་གནས་ཀྱི་འགོ་གཙོ་གཞོན་པ་ལི་ཅན་ཇུན་སོགས་འབྲེལ་ཡོད་འགོ་ཁྲིད་ཐེངས་འདིའི་མཛད་སྒོར་ཞུགས།
དེ་ཡང་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་མཉམ་སྤྱོད་ལས་གཞིའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པར། རིག་གནས་པུའི་རྒྱལ་ཡོངས་སྤྱི་བའི་རིག་གནས་འཕེལ་རྒྱས་ལྟེ་གནས་དང་། རྒྱལ་སའི་དཔེ་མཛོད་ཁང་། ཧྲན་ཏུང་དཔེ་མཛོད་ཁང་། ཝེ་ཧེ་གྲོང་ཁྱེར་གྱི་དཔེ་མཛོད་ཁང་བཅས་ཀྱིས་བོད་ལྗོངས་རྟེན་མཛོད་ཁང་དང་བོད་ལྗོངས་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞིར་དཔེ་ཆ་དང་། འགུལ་སྤོའི་སྒྲ་ནུས། གློག་ཀླད། འགུལ་སྤོའི་བརྙན་གཏོང་ཡོ་ཆས་སོགས་སྒྲིག་ཆས་སྐྱེས་འབུལ་གནང་བ་དང་། སྒྲིག་ཆས་འདི་དག་ནི་བོད་ལྗོངས་ཀྱི་མཉམ་སྤྱོད་ལས་གཞིའི་རིམ་པ་སོ་སོའི་ལྟེ་གནས་དང་གཞི་རིམ་ས་ཚིགས་ཀྱི་གྲངས་ཀའི་རིག་གནས་ཞབས་ཞུར་ཕན་པ་དང་། སྐྱེས་འབུལ་གནང་བའི་སྒྲིག་ཆས་ཡོངས་ལ་བོད་ཡིག་ཐོན་ཁུངས་ཀྱི་རྒྱུ་ཆས100ལྷག་དང་། རྒྱ་ཡིག་ཐོན་ཁུངས200ལྷག འགུལ་རིས་ཐོན་ཁུངས་སོགས་གྲངས་ཀའི་རིག་གནས་ཐོན་ཁུངས་སྒྲིག་འཇུག་བྱས་ཡོད་ཅིང་། སྐྱེས་འབུལ་དངོས་ཟོག་གི་སྤྱིའི་རིན་ཐང་ནི་སྒོར་ཁྲི130ལས་བརྒལ།