བོད་ལྗོངས་བཀྲ་ཤིས་ལྷུན་པོ་དགོན་དུ་གོས་སྐུ་བཤམས་པའི་ཆོ་ག་སྤེལ་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-07-14
ཀློག་གྲངས།:

བོད་ལྗོངས་བཀྲ་ཤིས་ལྷུན་པོ་དགོན་དུ་གོས་སྐུ་བཤམས་པའི་ཆོ་ག་སྤེལ་པ།
མཆོད་མཇལ་དུ་ཡོང་བའི་དད་ལྡན་མང་ཚོགས།
ཟླ7པའི་ཚེས13ཉིན། བོད་ལྗོངས་བཀྲ་ཤིས་ལྷུན་པོ་དགོན་དུ་ལོ་རེར་ཐེངས་གཅིག་ལ་སྤེལ་པའི་གོས་སྐུ་བཤམས་པའི་ཆོ་ག་སྤེལ་ཞིང་། ཉིན་མོ་དེ་ནི་ཆེས་མཐའ་མཇུག་གི་ཉིན་ཡིན་ལ། ཉིན་དེར་སྲིད་ལ་སྨི40ལྷག་དང་ཞེང་ལ་སྨི29ཡོད་པའི་རྗེ་བཙུན་བྱམས་པ་མགོན་པོའི་གོས་སྐུ་བཤམས།
བཀྲ་ཤིས་ལྷུན་པོ་དགོན་པའི་གོས་སྐུ་བཤམས་པའི་དུས་ཆེན་དེར་ལོ་ངོ500ལྷག་གི་ལོ་རྒྱུས་ལྡན། སྲོལ་ལུགས་ལྟར་གོས་སྐུ་ཉིན་གསུམ་ལ་བཤམས་པ་སྟེ། ཉིན་དང་པོར་འདས་པའི་སངས་རྒྱས་མར་མེ་མཛད་དང་། ཉིན་གཉིས་པར་ད་ལྟའི་སངས་རྒྱས་ཤཱཀྱ་ཐུབ་པ། ཉིན་གསུམ་པར་མ་འོངས་སངས་རྒྱས་བྱམས་པ་མགོན་པོ་བཅས་བཤམས་ཀྱིན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
