logo

ཀྲང་ཝུན་ཁོས་ཀྱིས་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་རྟོག་ཞིབ་ཁྲིད་སྟོན་གནང་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-10 ཀློག་གྲངས།:

མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་
མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས་ཀྱིས་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་
ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་རྟོག་ཞིབ་ཁྲིད་སྟོན་གནང་བ།

     ཟླ7པའི་ཚེས3ཉིན། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས་ཀྱིས་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་རྟོག་ཞིབ་མཛད་པ་མ་ཟད། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་ཐད་ཞིབ་བཤེར་དང་ཁྲིད་སྟོན་གནང་བ་རེད།
     ཀྲང་ཝུན་ཁོས་ཀྱིས་བསྟན་དོན། བོད་སྐད་ཡིག་ནི་འཛམ་གླིང་སྔོན་ཐོན་ཡིག་རིགས་ཀྱི་གྲས་ཤིག་ཡིན་ཞིང་། དེར་རང་ཉིད་སྔོན་ཐོན་གྱི་འགྲེམ་ནུས་དང་སྟེགས་བུ་ཡོད་འོས་པ་དང་། ང་ཚོས་སྔོག་འདོན་བྱེད་བཞིན་པའི་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་ནི་བོད་མི་རིགས་དང་ཐ་ན་ཀྲུང་ཧྭ་མི་རིགས་ཁྱིམ་གཞིས་ཆེན་མོའི་ལོ་རྒྱུས་སུ་གསར་གཏོད་རང་བཞིན་དང་རྟགས་མཚན་རང་བཞིན་གྱི་རླབས་ཆེན་ལས་གཞི་ཞིག་ཡིན་ལ། ང་ཚོས་ལས་དོན་འདི་བསྒྲུབ་པ་ནི་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་ལག་བསྟར་བྱེད་པའི་མངོན་ཚུལ་དང་། བོད་མི་རིགས་ཀྱི་རིག་གནས་ཐད་ཆེས་ནུས་ལྡན་གྱི་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་བས། དེ་ནི་རླབས་ཆེན་གྱི་དམངས་འཚོའི་ལས་གཞི་ཞིག་ཀྱང་ཡིན། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་སྔོན་འདོན་གྱི་མི་སྣ་ཡོངས་ཀྱིས་སྔར་ལས་ལྷག་པར་བརྩོན་པ་དང་སྙིང་སྟོབས་གང་ལེགས་བསྐྱེད་དེ་ཁེར་རྐྱང་གི་ཚོར་འདུ་དང་དཀའ་ངལ་ལ་མི་འཛེམ་པར་བོད་མི་རིགས་ཀྱི་སྔོན་ཐོན་རིག་གནས་ཀྱི་གཞི་ས་འདི་ལེགས་པོར་སྲུང་དགོས།
     ཁོང་གི་དགོངས་ཚུལ་ནི། གཅིག་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོར་སྲུང་བ། མཚོ་སྔོན་པོ་དྲ་བ་ནི་ཏང་དང་སྲིད་གཞུང་གི་སྲིད་ཇུས་སྒྲོག་གནས་ཡིན་པ་དང་། ཏང་གི་འགོ་ཁྲིད་དམ་དུ་སྲུང་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཁ་ཕྱོགས་དང་། མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་བསྒྲེང་བ་རྒྱུན་འཁྱོངས་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དང་སྤྱི་ཚོགས་རིང་ལུགས་དཀྱིལ་སྙིང་རིན་ཐང་ལྟ་བ་སྒྲོག་སྤེལ་དང་། རང་འགུལ་གྱིས་མིའི་རིགས་ཀྱི་དཔལ་ཡོན་གསར་བའི་གྲུབ་འབྲས་ཚུར་ལེན་དང་དྲིལ་སྒྲོག་བྱེད་པའི་གོ་རིམ་ཁྲོད། ཐོག་མཐའ་བར་གསུམ་དུ་དུས་རབས་དང་མཐུན་པའི་གཞུང་ལུགས་སྤུས་ཚད་ཀྱིས་མི་རིགས་རིག་གནས་སྲུང་སྐྱོབ་དང་ཡར་འདེགས། ཁྱབ་སྒྲོག་བྱེད་དགོས། གཉིས་ནས་དཀའ་ངལ་ལ་མི་འཛེམ་པའི་སྙིང་སྟོབས་བསྐྱེད་དགོས། ད་ལྟ་སྔོག་འདོན་བྱེད་བཞིན་པའི་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འདིར་དཀའ་བ་ཡོད་ཚད་རྒྱབ་ཏུ་བསྐྱུར་ཏེ་གསར་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་དགོས་ཤིང་། ཇི་ལྟར་མཇུག་ཏུ་ཉེ་དུས་དཀའ་ཁག་དེ་ལས་མང་ངེས་ལ། གནད་དོན་ཡང་མང་པོ་འབྱུང་ངེས། དེར་བརྟེན་འདི་ལ་དཀའ་ངལ་ལ་མི་འཛེམ་པའི་སྙིང་སྟོབས་ཆེན་པོ་དགོས་ཏེ། ཁེངས་སྐྱོང་དང་། སློབ་སྦྱོང་། དཀའ་བསྐྱེད། ལས་ལ་བརྩོན་པའི་སྙིང་སྟོབས་ཀྱིས་དྲ་རྒྱའི་འཛུགས་སྐྲུན་དང་མ་ལག་སྔོག་འདོན་བྱ་བ་བདེ་བླག་ངང་སྤེལ་དགོས།  གསུམ་ནས་མི་གཤིས་བརྟན་པོས་ཡར་ཐོན་གྱི་མི་ཞིག་བྱེད་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་དོ་དམ་དབང་ཆ་དང་། གཙོ་ཁྲིད་དབང་ཆ། སྐད་ཆ་བཤད་དབང་བཅས་དམ་པོར་སྲུང་སྟེ་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཀླད་པ་དྭངས་ཤིང་གསལ་བ་དང་། གཟབ་ནན་གྱིས་དྲ་རྒྱའི་མི་ལེགས་པའི་རིག་གནས་བསམ་ཕྱོགས་བཀག་འགོག་བྱེད་དགོས་པ་དང་། མི་རིགས་དང་ལས་རིགས། རང་ཉིད་བཅས་ལ་འགན་ཁུར་བའི་སྙིང་སྟོབས་བསྐྱེད་དེ་བློ་རྩེ་གཅིག་སྒྲིལ་གྱིས་ལས་ལ་བརྩོན་ནས་ཕུལ་བྱུང་གི་གྲུབ་འབྲས་ལེན་དགོས། བཞི་ནས་ལས་སྒྲུབ་པའི་བྱ་བའི་འཚོ་བར་གཟིགས་རྟོགས་བྱེད་དགོས། དེ་ཡང་མཐུན་སྒྲིལ་དང་འཚབ་འཚུབ། གཟབ་ནན་དང་སྤྲོ་ཉམས་དོད་པའི་ངང་སྒོས་སུ་ལས་སྒྲུབ་པ་ཕན་ཚུན་བར་མཐུན་སྒྲིལ་དང་དཔལ་ཡོན་ལྡན་པར་ལས་སྒྲུབ་དང་གསར་སྐྲུན་གྱི་ཁ་དབུགས་ལེགས་པོ་བསྐྲུན་དགོས་ཤིང་། དོན་དངོས་སྟེང་ན་གཞོན་དག་ལ་གཟབ་ནན་དང་དོ་དམ་བྱེད་པ་དྲག་ཏུ་གཏོང་བ་དང་ཆབས་ཅིག  ལས་སྒྲུབ་མི་སྣའི་སྡོད་ཁང་དང་བཟའ་བཏུང་སོགས་འཚོ་བའི་གནད་དོན་གྲོས་རིམ་ཟིན་ཐོར་བཀོད་དེ་ལས་སྒྲུབ་མི་སྣའི་བྱ་བའི་འཚོ་བ་དང་ནར་སོན་འཕེལ་རྒྱས་ལ་གཟིགས་རྟོགས་བྱེད་དགོས་པ་དང་། གང་ནུས་ཀྱིས་ཁོ་ཚོར་འཚོ་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཏེ་སེམས་ལྷོད་ལྷོད་ངང་བྱ་བ་སྒྲུབ་པར་བྱེད་དགོས།  མ་ཟད་རྒྱལ་ཡོངས་ཀྱི་ཐོན་ཁུངས་ཡོངས་སུ་འདོན་སྤེལ་བྱེད་རྒྱུ་དང་། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཆེན་པོ་དང་རང་སྟེང་གི་བརྩོན་པའི་འོག ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་སྔོག་འདོན་བྱ་བ་སྔར་ལས་ལྷག་པར་མགྱོགས་མྱུར་ངང་སྤེལ་བ་དང་། ས་ཁུལ་རིག་གནས་ཀྱི་ཐོན་ལས་འཕེལ་རྒྱས་ཆེན་པོ་འབྱུང་བར་གང་ནུས་ཀྱིས་སྐུལ་སྤེལ་བྱས་ཏེ་འཛམ་གླིང་གི་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་གཞི་ས་སྲུང་དགོས།


འབྲེལ་ཡོད་འོས་སྦྱོར།