logo

བོད་ལྗོངས་སུ་ཞོ་སྟོན་གནའ་མཁར་བསྐྲུན་རྒྱུ་རེད།   

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-05 ཀློག་གྲངས།:

  ཟླ7པའི་ཚེས2ཉིན། བོད་ལྗོངས་རིག་གནས་གནས་སྐོར་གསར་སྤེལ་ས་ཁུལ་གྱི་ཞོ་སྟོན་གནའ་མཁར་གྱི་ལས་གྲྭའི་རྨང་འདིང་བའི་མཛད་སྒོ་ལྷ་ས་རུ་བསྡུས་ཤིང། ཞོ་སྟོན་གནའ་མཁར་དུ་གཙོ་བོ་དམངས་སྲོལ་རིག་གནས་བརྗོད་གཞིར་བྱས་ནས་བོད་ལུགས་བཟོ་བཀོད་རིག་གནས་དང་སྲོལ་ལུགས་མངོན་པར་མཚོན་པ་ཡིན།
  བོད་ལྗོངས་རིག་གནས་གནས་སྐོར་གསར་སྤེལ་ས་ཁུལ་ནི་ལྷ་ས་གྲོང་ཁྱེར་གྱིས2012ལོར་སྤེལ་བའི་གནས་སྐོར་འདོན་སྤེལ་གྱི་ལས་གཞི་ཞིག་ཡིན་ཞིང་། སྤྱིའི་འཆར་བཀོད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ8.14ཡོད་ལ། ས་ཁུལ་དེ་ལྷ་སའི་སྐྱིད་ཆུའི་ལྷོ་འགྲམ་དུ་སྐྲུན་བཞིན་ཡོད་པ་དང་། མ་དངུལ་སྒོར་དུང་ཕྱུར30ནས40ཡས་མས་ཤིག་གཏོང་རྒྱུ་ཡིན་པ་དང་། སྔོན་དཔག་ལྟར་ན2017ལོར་ལེགས་འགྲུབ་འབྱུང་རྒྱུ་རེད།

 
 


འབྲེལ་ཡོད་འོས་སྦྱོར།