མཚོ་ལྷོའི་བོད་ཀྱི་རིག་གནས་ཐོན་ལས་གསར་འདོན་ར་བའི་ཤམ་བྷ་ལའི་ཚོང་ལས་ཐང་ཆེན་དངོས་སུ་སྒོ་ཕྱེས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-07-01
ཀློག་གྲངས།:
ཟླ6པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་རིག་གནས་ཐོན་ལས་གསར་འདོན་ར་བའི་ཤམ་བྷ་ལའི་ཚོང་ལས་ཐང་ཆེན་གྱི་སྒོ་འབྱེད་མཛད་སྒོ་དེ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་ཤམ་བྷ་ལའི་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས་ཤིང་། སྒོ་འབྱེད་མཛད་སྒོའི་སྟེང་བོད་ཀྱི་གླུ་བ་གླུ་མ་གྲགས་ཅན་ཏེ་བཀྲ་ཤིས་ཉི་མ་དང་། ཀུན་དགའ། དབྱངས་ཅན་ལྷ་མཛེས། མདོ་བ་ཚེ་སྐྱིད་སོགས་ཀྱིས་བོད་ཁམས་སུ་དར་ཆེ་ཞིང་ཀུན་གྱི་དགའ་བསུ་ཐོབ་ཀྱིན་པའི་སྙན་གླུ་གཟིགས་མོ་བ་རྣམས་ཀྱི་སྙན་ལམ་དུ་ཕུལ་བས། ཡུལ་དེའི་ཁོ་ར་ཁོར་ཡུག་ཀུན་ཏུ་དགའ་བའི་དཔལ་གྱིས་རབ་ཏུ་བརྟས།
ཤམ་བྷ་ལའི་ཚོང་རའི་ཐང་ཆེན་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་གྱི་མཚོ་སྔོན་པོ་ལྷོ་ལམ་ཆེན་མོ་རུ་ཆགས་ཤིང་། ཐང་ཆེན་དེ་བསྐྲུན་པའི་དམིགས་འབེན་ནི་རྫོངས་སྟུག་ཅིང་ཕུན་སུམ་ཚོགས་པའི་བོད་ཀྱི་རིག་གནས་ལ་བརྟེན་ནས་མི་རིགས་ཀྱི་རིག་གནས་འཛིན་སྤེལ་བྱས་ཐོག ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཆམ་མཐུན་སྒོས་གོང་དུ་སྤེལ་རྒྱུ་དེ་ཡིན་ནོ། །

འབྲེལ་ཡོད་འོས་སྦྱོར།