logo

2014ལོའི་མཚོ་སྔོན་རྒྱལ་སྤྱིའི་ཆུ་དང་ཚེ་སྲོག་གི་རོལ་མོའི་འདུ་ཚོགས་ཁྲི་ཀ་ནས་བསྡུས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-30 ཀློག་གྲངས།:

      ཟླ6པའི་ཚེས26ཉིན་གྱི་དགོང་མོ། 2014ལོའི་མཚོ་སྔོན་རྒྱལ་སྤྱིའི་ཆུ་དང་ཚེ་སྲོག་གི་རོལ་མོའི་འགྲུལ་བཞུད་ཀྱི་འཛམ་གླིང་བྱེ་འགོག་དང་ཐན་སྐྱོན་ཉིན་མོའི་རོལ་མོ་འདུ་ཚོགས་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་བསྡུས།
      མཚོ་སྔོན་རྒྱལ་སྤྱིའི་ཆུ་དང་ཚེ་སྲོག་གི་རོལ་མོའི་འདུ་ཚོགས་ནི2008ལོ་ནས་བཟུང་ཁྲི་ཀ་རྫོང་གི་རྨ་ཆུའི་འགྲམ་དུ་བསྟུད་མར་སྐབས་བདུན་ལ་སྤེལ་མྱོང་ཞིང་། སྐབས་འདིའི་རོལ་མོའི་འདུ་ཚོགས་སུ་རྒྱལ་ཁབ་ཕྱི་ནང་གི་མིང་གྲགས་སྒྱུ་རྩལ་པ་གང་མང་གདན་འདྲེན་ཞུས་ཡོད།

2014ལོའི་མཚོ་སྔོན་རྒྱལ་སྤྱིའི་ཆུ་དང་ཚེ་སྲོག་གི་རོལ་མོའི་འདུ་ཚོགས་ཁྲི་ཀ་ནས་བསྡུས།

      མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་བསྐྲུན་ཐིན་གྱི་འགོ་གཙོ་གཞོན་པ་ཀྲིག་པིན་གྱིས་གསུང་རྒྱུར། རོལ་མོ་འདུ་ཚོགས་འདིས་སྤྱི་ཚོགས་སུ་རང་བྱུང་ཁམས་ལ་དགའ་ཞེན་དང་། དེ་སྲུང་སྐྱོབ་དང་ལུགས་མཐུན་གྱིས་བཀོལ་སྤྱོད་གནང་དགོས་པའི་སྐད་སྒྲོག་པ་དང་། དེ་མིན་གོ་སྐབས་འདི་དང་བསྟུན་ནས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་དང་། མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་དཔལ་ཡོན་གྱི་སྔོན་བསྟར་ས་ཁུལ་འཛུགས་སྐྲུན་བྱེད་པའི་འདུན་མ་དང་སྤོབས་པ་བརྗོད་པ་རེད།


འབྲེལ་ཡོད་འོས་སྦྱོར།