logo

2014ལོའི“མཚོ་སྔོན་པོ་རྟགས་མའི”སྒྲ་སྙན་དཀྲོལ་ལེན་འགྲན་ཚོགས་བསྡུ་བའི་བརྡ་སྦྱོར།

རྩོམ་པ་པོ།:མཚོ་ལྷོ་ཁུལ་མང་ཚོགས་རིག་གནས་བྱ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-27 ཀློག་གྲངས།:
      ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་བྱ་འགུལ་ལག་ལེན་གཏིང་ཟབ་ཏུ་སྤེལ་བ་དང་། དམངས་ཁྲོད་རིག་གནས་ཀྱི་བྱ་གཞག་འཕེལ་རྒྱས་སུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ས་ཁུལ་གྱི་ཁྱད་ཆོས་མངོན་དུ་མཚོན་པའི་དམངས་ཁྲོད་རིག་གནས་སྔོག་འདོན་གསོ་སྐྱོང་བྱས་ཏེ། མི་རིགས་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། ཁྱད་ཆོས་གཉིས་ལྡན་གྱི་གནའ་བོའི་རིག་གནས་སྒྱུ་རྩལ་འདི་འཛིན་སྐྱོང་སྤེལ་གསུམ་དང་། ལྷག་པར་དུ་དཀྲོལ་ལེན་རྒྱུད་འཛིན་པ་སྐྱེད་སྲིང་བྱེད་ཆེད། 2014ལོའི་སྤྱི་ཟླ7པའི་ཚེས18ནས་ཚེས22བར། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་དཀྱིལ་སྙིང་ཐང་ཆེན་དུ་མཚོ་སྔོན་པོ་རྟགས་མའི་སྒྲ་སྙན་དཀྲོལ་ལེན་འགྲན་ཚོགས་བསྡུ་རྒྱུ་ཡིན་པས། ཞིང་ཆེན་ནང་ཁུལ་གྱི་དཀྲོལ་ལེན་པ་རྣམས་དུས་ལྟར་འགྲན་ཚོགས་སུ་ཞུགས་པར་དགའ་བསུ་ཞུ།
མིང་ཐོ་འགོད་པའི་དུས་ཚོད། 2014ལོའི་ཟླ6པའི་ཚེས15ནས་ཟླ7པའི་ཚེས15བར་ཡིན།
འབྲེལ་གཏུག་མི་སྣ། མང་རའི་ལོ་ཡག 13007740243
                     ལྷ་མཚོ་སྒྲོལ་མ། 13909748990
                     རྡོ་རྗེ་ཚེ་བྷེ། 15597658333

མཚོ་ལྷོ་ཁུལ་མང་ཚོགས་རིག་གནས་བྱ་འགུལ་འགོ་ཁྲིད་ཚན་ཆུང་ནས།
2014ལོའི་ཟླ6པའི་ཚེས19ཉིན།


འབྲེལ་ཡོད་འོས་སྦྱོར།