ཐེམ་ཆེན་རྫོང་འབྲུག་ཁྱུང་ཞང་གིས་མི་རིགས་མཐུན་སྒྲིལ་བརྗོད་དོན་ཡིན་པའི་ལུས་རྩལ་འགྲན་ཚོགས་སྤེལ།
རྩོམ་པ་པོ།:དོན་གྲུབ་ཚེ་རིང་། བོང་སྟག་རི་ལ
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-06-24
ཀློག་གྲངས།:
ཉེ་ཆར། ཐེམ་ཆེན་རྫོང་འབྲུག་ཁྱུང་ཞང་གིས་མི་རིགས་མཐུན་སྒྲིལ་བརྗོད་དོན་ཡིན་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་དེ་འབྲུག་ཁྱུང་ཞང་སྲིད་གཞུང་གི་ ལུས་རྩལ་ར་བའི་ནང་སྤེལ།
ལུས་རྩལ་འགྲན་ཚོགས་འདི་ལ་ཐེམ་ཆེན་རྫོང་གི་འགོ་ཁྲིད་དག་གཙོ་བྱས་ཏེ་ཞང་དང་སྡེ་བའི་འགན་ཁུར་མི་སྣ་དང་། ས་གནས་ཀྱི་མང་ཚོགས1000ལྷག་མཉམ་དུ་འཛོམས་ནས་ལུས་རྩལ་འགྲན་ཚོགས་འདིར་ཞུགས།
ཐེངས་འདིའི་ལུས་རྩལ་གྱི་རྣམ་གྲངས་ལ་རྟ་རྒྱུགས་དང་ཐག་འཐེན། རྐང་རྒྱུགས། གླང་ཆེན་ས་གཤེགས་སོགས་ཡོད་པར་མ་ཟད། ད་དུང་ལ་གཞས་འགྲན་སྡུར་སོགས་ཀྱི་བྱ་འགུལ་སྤེལ་བ་དེས། ས་གནས་རང་བཞིན་གྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་དེར་རྒྱུད་འཛིན་བྱེད་པར་ཡང་རྟིང་སྐུལ་ངེས་ཅན་ཞིག་ཐོབ།
རྒྱུས་ལོན་པ་ལྟར་ན། ཉེ་ཆར་ཐེམ་ཆེན་རྫོང་གི་གྲོང་བརྡལ་དང་དང་ཞང་། ལས་ཁུངས་སོ་སོའི་མི་རིགས་མཐུན་སྒྲིལ་བརྗོད་དོན་ཡིན་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་ལ། ས་གནས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་པར་མ་ཟད། ད་ཐེངས་ཀྱི་འབྲུག་ཁྱུང་ཤང་གིས་སྤེལ་བའི་བྱ་འགུལ་འདི་ལ་ཡང་ས་གནས་མང་ཚོགས་ཀྱིས་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པ་དང་། འདིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་བྱ་འགུལ་ལག་ལེན་དོན་འཁྱོལ་ཡོང་བར་རྨང་གཞི་བརྟན་མོ་ཞིག་བཏང་།

འབྲེལ་ཡོད་འོས་སྦྱོར།