བོད་ལྗོངས་ཀྱི་རྫོང་རིམ་པའི་སྲིད་གཞུང་གི་གསར་འགྱུར་དྲ་བ་སྐོར་ཐེངས་ཐོག་མ་ཤར་གཏོང་བྱས་པ།
བོད་ལྗོངས་ཀྱི་རྫོང་རིམ་པའི་སྲིད་གཞུང་གི་གསར་འགྱུར་དྲ་བ་སྐོར་ཐེངས་ཐོག་མ་ཤར་གཏོང་བྱས་པ།
ཟླ6པའི་ཚེས19ཉིན། བོད་ལྗོངས་ནག་ཆུ་རྫོང་དང་། ཆབ་མདོ་རྫོང་། སྤུ་ཧྲེང་རྫོང་། སྤོ་མེས་རྫོང་། མེ་ཏོག་རྫོང་། མཚོ་སྣ་རྫོང་། སྣེ་གདོང་རྫོང་། གྲོ་མོ་རྫོང་། མཁར་གྲོང་ཁུལ་བཅས་ཀྱི་སྲིད་གཞུང་གི་གསར་འགྱུར་དྲ་བ་དངོས་སུ་ཤར་གཏོང་བྱས་ལ། དེ་ནི་བོད་ལྗོངས་ཀྱི་རྫོང་རིམ་པའི་སྲིད་གཞུང་གི་གསར་འགྱུར་དྲ་བ་སྐོར་ཐེངས་ཐོག་མ་ཡིན་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིར་ཤར་གཏོང་བྱས་པའི་རྫོང་རིམ་པའི་གསར་འགྱུར་དྲ་བ་རུ་གསར་འགྱུར་གནད་ཆེན་དང་། དཔལ་འབྱོར། གནས་སྐོར། རིག་གནས། ལོ་རྒྱུས། བོད་སྐྱོར་སོགས་ཀྱི་ལེ་ཚན་བསྒྲིགས་ཡོད་ཅིང་། དྲ་རྒྱ་དེ་དག་ལས་བོད་ལྗོངས་ཀྱི་རྫོང་སོ་སོའི་རང་བྱུང་མཛེས་ལྗོངས་དང་། དམངས་སྲོལ་རིག་གནས། མང་ཚོགས་ཀྱི་འཚོ་བ། རྫོང་སོ་སོའི་འཕོ་འགྱུར་སོགས་མངོན་པར་མཚོན་ཐུབ་པ་རེད།
སྔོན་དཔག་བྱས་པ་ལྟར་ན་ད་ལོའི་ལོ་མཇུག་ཏུ་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་རྫོང་ཁག74ཡི་སྲིད་གཞུང་གསར་འགྱུར་དྲ་བ་ལེགས་འགྲུབ་འབྱུང་རྒྱུ་རེད།