པདྨ་ཚེ་བརྟན་གྱི་གློག་བརྙན《གཡང་མདའ》ཧྲང་ཧེའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་འགྲེམ་གཏོང་བྱས་པ།

གློག་བརྙན《གཡང་མདའ》ཧྲང་ཧེའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཚུད་པ།
གློག་བརྙན《གཡང་མདའ》ཡི་སྒྲིག་འཁྲབ་མི་སྣ་རྣམས་ཀྱིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་པ།
ཟླ6པའི་ཚེས17ཉིན། སྐབས་བཅུ་བདུན་པའི་ཧྲང་ཧེའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཀྲུང་གོའི་ཧྲང་ཧེ་གྲོང་ཁྱེར་དུ་བསྡུས་ཤིང་། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་ཁོང་གི་གློག་བརྙན་བརྩམས་ཆོས《གཡང་མདའ》བཟུང་ཐོག གློག་བརྙན་དེའི་ཁྲོད་ཀྱི་འཁྲབ་སྟོན་པ་གཙོ་བོ་རིན་ཆེན་དོན་གྲུབ་དང་བདེ་སྐྱིད་སོགས་ཁྲིད་ནས་ཐེངས་འདིའི་གློག་བརྙན་དུས་ཆེན་སྟེང་ཞུགས། 《གཡང་མདའ》ཞེས་པའི་གློག་བརྙན་བརྩམས་ཆོས་དེ་ཧྲང་ཧེའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གསེར་ཕོར་བྱ་དགའི་འགྲན་ཞུགས་བརྩམས་ཆོས་སུ་ཚུད་ལ། ཐེངས་འདིའི་གློག་བརྙན་དུས་ཆེན་ཁྲོད་ཚུད་པའི་ཀྲུང་གོའི་གློག་བརྙན་བརྩམས་ཆོས་གཉིས་ལས་གཅིག་ཡིན་པ་རེད།
གློག་བརྙན་དུས་ཆེན་སྟེང《གཡང་མདའ》ཞེས་པའི་གློག་བརྙན་བརྩམས་ཆོས་འགྲེམ་གཏོང་བྱས་ཤིང་། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་དང་གློག་བརྙན་མཚམས་སྦྱོར་བྱས་པར་མ་ཟད། གློག་བརྙན་སྐོར་ནས་གཟིགས་མོ་བ་དང་བགྲོ་གླེང་བྱས་པར་བརྒྱུད། ཀུན་གྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།
