logo

མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་རྐྱལ་བའི་འགྲན་བསྡུར་ཡ་རྫི་རྫོང་དུ་མཇུག་སྒྲིལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-16 ཀློག་གྲངས།:

མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་འཕྲེད་ཀྱིས་རྐྱལ་བའི་འགྲན་བསྡུར་ཡ་རྫི་རྫོང་དུ་མཇུག་སྒྲིལ།

      ཉེ་ལམ། དུས་ཡུན་ཉིན་གཉིས་ཀྱི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་་རྐྱལ་བའི་འགྲན་བསྡུར་སྐབས་བཅུ་བ་ཡ་རྫི་རྫོང་དུ་མཇུག་རྫོགས།
      ཐེངས་འདིའི་འགྲན་བསྡུར་ལ་ཞུགས་པའི་ཡ་རྫི་རྫོང་གི་འགྲན་ཞུགས་རུ་ཁག་གིས་ཚན་ཆུང་གཉིས་ཀྱི་བྱ་དགའ་ཨང་དང་པོ་དང་། ཚན་ཆུང་གཅིག་གི་བྱ་དགའ་ཨང་གཉིས་པ། ཚན་ཆུང་གཅིག་གི་ཨང་བཞི་བ་བཅས་བླངས་པས་འགྲན་བསྡུར་རུ་ཁག་ཡོངས་ཀྱི་ཨང་བཞི་བ་བླངས།
      མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་རྐྱལ་བའི་འགྲན་བསྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། ལོ་བཅུའི་རིང་ལ་འབད་བརྩོན་ཆེན་པོ་བྱས་པར་བརྒྱུད་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་རྐྱལ་བའི་འགྲན་བསྡུར་གྱི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་ཕྱིན།


འབྲེལ་ཡོད་འོས་སྦྱོར།