བོད་ཡིག་གི་གྲངས་འཛིན་ཐོན་རྫས་མཚོ་སྔོན་ཚོང་ཚོགས་སུ་བཀྲམ་པ།
བོད་ཡིག་གི་གྲངས་འཛིན་ཐོན་རྫས་མཚོ་སྔོན་ཚོང་ཚོགས་སུ་བཀྲམ་པ།
བློ་བཟང་ཚན་རྩལ་ཀུང་ཟིས་གསར་གཏོད་བྱས་པའི་ཀློག་སྨྱུག
ཟླ6པའི་ཚེས10ཉིན། འཛམ་གླིང་གི་ཆེས་ཐོག་མའི་བོད་རྒྱ་དབྱིན་གསུམ་གྱི་གློག་རྡུལ་ཚིག་མཛོད་དང་། བོད་རྒྱ་དབྱིན་གསུམ་གྱི་ཙི་གུ་དང་མཐེབ་གཞོང་། བོད་རྒྱ་དབྱིན་གསུམ་གྱི་ཀློག་སྨྱུག་སོགས་མཚོ་སྔོན་ཚོང་ཚོགས་སུ་བཀྲམ་ཞིང་། བོད་རྒྱ་དབྱིན་གསུམ་གྱི་གྲངས་འཛིན་ཐོན་རྫས་དེ་དག་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་མཐར་ཕྱིན་པའི་བློ་བཟང་ལགས་ཀྱིས་གསར་གཏོད་བྱས་པ་རེད། ཁོང་སློབ་ཆེན་མཐར་ཕྱིན་རྗེས་བོད་ལྗོངས་སློབ་ཆེན་གྱི་རྩིས་རིག་སྡེ་ཁག་ཏུ་དགེ་རྒན་གྱི་འགན་བཞེས་པ་དང་། ཁོང་ལགས་བོད་ཡིག་ཨང་སྒྲིག་གི་རྒྱལ་སྤྱིའི་ཚད་གཞི་གཏན་འབེབས་བྱེད་པའི་ཁྲོད་ཞུགས་མྱོང་བར་མ་ཟད། བོད་ལྗོངས་སློབ་ཆེན་དུ་བོད་ཡིག་གི་དྲ་རྒྱ་ཐོག་མ་བཙུགས་ལ། བོད་ཡིག་དེ་རྩིས་འཁོར་གྱི་འཇིག་རྟེན་དུ་བསྐྱོད་དུ་འཇུག་ཆེད་ཁོང་གིས་གློག་རྡུལ་ཐོན་རྫས་རེ་རེའི་ནང་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་བཅས་ཡིག་རིགས་གསུམ་བསྡུས་ཡོད་པ་རེད།
བློ་བཟང་ཚན་རྩལ་ཀུང་ཟིས་གསར་གཏོད་བྱས་པའི་མཐེབ་གཞོང་།