བོད་ལྗོངས་ཀྱི་ཞལ་འབག་སྒྱུ་རྩལ་དུས་ཆེན་པེ་ཅིང་དུ་བསྡུས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-06-10
ཀློག་གྲངས།:
ཞལ་འབག་བཟོ་བཞེངས་ཀྱི་རྒྱུན་འཛིན་པས་ཡུལ་དངོས་སུ་ཞལ་འབག་བཞེངས་བཞིན་པ།
ཟླ6པའི་ཚེས7ཉིན། བོད་ལྗོངས་ཀྱི་ཞལ་འབག་སྒྱུ་རྩལ་དུས་ཆེན་དེ་པེ་ཅིང་གི་པདྨ་མེ་ཏོག་སྒྱུ་རྩལ་ལྟེ་གནས་སུ་སྤེལ་འགོ་བརྩམས་ཤིང་། ཐེངས་འདིའི་སྒྱུ་རྩལ་དུས་ཆེན་སྟེང་བོད་ལྗོངས་ཀྱི་ཡུལ་སོ་སོ་ནས་འཁྱེར་ཡོང་བའི་ཞལ་འབག75འགྲེམ་སྟོན་དུ་ཞུགས་ཡོད། བོད་ལྗོངས་ཀྱི་ཞལ་འབག་དེ2007ལོར་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞིའི་ཁྲོད་བཞག་ཡོད་ལ། དེར་གཙོ་བོ་ཆོས་ལུགས་ཀྱི་ཞལ་འབག་དང་ཟློས་གར་གྱི་ཞལ་འབག དམངས་ཁྲོད་གླུ་གར་འཁྲབ་སྟོན་གྱི་ཞལ་འབག་བཅས་རིགས་གསུམ་དུ་འདུས།
དཔལ་ལྡན་ལྷ་མོའི་ཞལ་འབག
ཟློས་གར་འཁྲབ་སྟོན་གྱི་ཞལ་འབག
འབྲེལ་ཡོད་འོས་སྦྱོར།