དཀར་མཛེས་ཀྱི་མི་རིགས་རོལ་མོ་སློབ་ཆེན་དུ་བསྐྱོད་པ་ཞེས་པའི་བྱ་འགུལ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་སྤེལ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-06-10
ཀློག་གྲངས།:
དཀར་མཛེས་ཀྱི་མི་རིགས་རོལ་མོ་སློབ་ཆེན་དུ་བསྐྱོད་པ་ཞེས་པའི་བྱ་འགུལ་སྤེལ་པ།
འབའ་ཐང་གི་སྲོལ་རྒྱུན་གྱི་ཟློས་གར《སྣང་ས་འོད་འབུམ》འཁྲབ་སྟོན་བྱེད་ཀྱིན་པ།
ཟླ6པའི་ཚེས6ཉིན། དཀར་མཛེས་ཀྱི་མི་རིགས་རོལ་མོ་སློབ་ཆེན་དུ་བསྐྱོད་པ་ཞེས་པའི་བྱ་འགུལ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་གཟབ་རྒྱས་ངང་བསྡུས་ཤིང་། སི་ཁྲོན་བོད་ཁུལ་ནས་ཡོང་བའི་སྒྱུ་རྩལ་པ་རྣམས་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་སློབ་རྣམས་ཀྱིས་མཉམ་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རོལ་ཆས་དཀྲོལ་བ་དང་ཟློས་གར་འཁྲབ་སྟོན། གླུ་གར་འཁྲབ་སྟོན་སོགས་ཀྱི་ལྟད་མོ་ཕུན་སུམ་ཚོགས་པ་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་བ་རེད།
དཀར་མཛེས་ཀྱི་མི་རིགས་རོལ་མོ་སློབ་ཆེན་དུ་བསྐྱོད་པ་ཞེས་པའི་བྱ་འགུལ་སྤེལ་པ།
འབྲེལ་ཡོད་འོས་སྦྱོར།