དྲི་མེད་དྭངས་གཙང་གི་དཀར་མཛེས་པེ་ཅིན་ལ་ངོམ་པ་ཞེས་པའི་རིག་གནས་གནས་སྐོར་གྱི་མུ་འབྲེལ་བྱ་འགུལ་སྤེལ་བ།

དྲི་མེད་དྭངས་གཙང་གི་དཀར་མཛེས་པེ་ཅིན་ལ་ངོམ་པ་ཞེས་པའི་རིག་གནས་གནས་སྐོར་གྱི་མུ་འབྲེལ་བྱ་འགུལ་སྤེལ་བ།
འགྲེམ་སྟོན་ཚོམས་ཆེན་གྱི་ཟུར་ཞིག
ཟླ6པའི་ཚེས5ཉིན། རྒྱལ་ཡོངས་ཀྱི་མི་རིགས་རང་སྐྱོང་ཁུལ་གྱི་སྨིན་འབྲས་འགྲེམ་སྟོན་ཏེ་དྲི་མེད་དྭངས་གཙང་གི་དཀར་མཛེས་པེ་ཅིན་ལ་ངོམ་པ་ཞེས་པའི་རིག་གནས་གནས་སྐོར་གྱི་དྲིལ་སྒྲོག་གཟའ་འཁོར་གྱི་མུ་འབྲེལ་བྱ་འགུལ་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དུ་སྤེལ་བ་རེད། ཐེངས་འདིའི་བྱ་འགུལ་ཟླ6པའི་ཚེས11ཉིན་བར་དུ་སྤེལ་རྒྱུ་ཡིན་ཞིང་། བྱ་འགུལ་ཁྲོད་དཀར་མཛེས་ཁུལ་གྱི་སྨིན་འབྲས་འགྲེམ་སྟོན་ནམ་གནས་སྐོར་པར་རིས་འགྲེམ་སྟོན་དང་། དཀར་མཛེས་ཁུལ་གྱི་རིག་དངོས་མཆོག་གྱུར་དང་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞིའི་འགྲེམ་སྟོན། དཀར་མཛེས་བོད་ཁུལ་གྱི་མི་རིགས་ཀྱི་རོལ་མོ་སློབ་གྲྭར་བསྐྱོད་པ། རྒྱལ་སའི་སློབ་ཆེན་པ་དཀར་མཛེས་བོད་ཁུལ་དུ་བསྐྱོད་པ་སོགས་ཀྱི་བྱ་འགུལ་སྣ་ཚོགས་འདུས་པ་རེད།
