logo

བདུད་རྩི་སྐྱིད་ཀྱི་གློག་བརྙན་བརྩམས་ཆོས་ཕུལ་བྱུང་གློག་བརྙན་གྱི་བྱ་དགའི་གྲས་སུ་ཚུད་འདུག

རྩོམ་པ་པོ།:ཁ་བ་ཅན་གློག་བརྙན། ཡོང་ཁུངས།:བདེ་ཆེན་མཚོ། དུས་ཚོད།:2014-06-06 ཀློག་གྲངས།:


ཀྲུང་གོའི་ཁྲུང་ཆིན་ན་གཞོན་གློག་བརྙན་སྒྱུ་རྩལ་དུས་ཆེན་གྱི་འགྲེམ་སྤེལ་པར་རིས།

德子吉自编自导作品《大树下的小孩》入围中国重庆青年电影艺术节
བདུད་རྩི་སྐྱིད་ཀྱི་གློག་བརྙན་བརྩམས་ཆོས《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས》།

  ཉེ་ཆར། བོད་ཀྱི་སྐྱེས་མའི་འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ཀྱིས་འཁྲབ་གཞུང་བརྩམས་ཤིང་འཁྲབ་ཁྲིད་བྱས་པའི་གློག་བརྙན་བརྩམས་ཆོས་ཏེ《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས》《大树下的小孩》ཞེས་པ་དེ་ཀྲུང་གོའི་ཁྲུང་ཆིན་ན་གཞོན་གློག་བརྙན་སྒྱུ་རྩལ་དུས་ཆེན་སྟེང་།  ཕུལ་བྱུང་གཏམ་རྒྱུད་གློག་བརྙན་ནང་བདམས་ཐོན་བྱུང་སོང་བ་དང་།  ཟླ་དྲུག་པའི་ཚེས་བདུན་ཉིན་ཁྲོང་ཆིན་ནས་དངོས་སུ་བྱ་དགའ་སྟེར་བའི་མཛད་སྒོ་གཟབ་རྒྱས་ངང་སྤེལ་རྒྱུ་རེད།
  བདུད་རྩི་སྐྱིད་ནི་པེ་ཅིན་དུ་གློག་བརྙན་འཁྲབ་ཁྲིད་པའི་ཆེད་ལས་ལ་སྦྱང་བཞིན་པའི་སློབ་མ་ཞིག་ཡིན་པ་དང་། གློག་བརྙན་འདི་ནི་ཁོ་མོའི་བརྩམས་ཆོས་ཐོག་མ་ཡིན་ལ།བོད་ཀྱི་སྐྱེས་མའི་སློབ་ཆེན་སློབ་མ་ཞིག་གིས་ཕབ་སྐྲུན་བྱས་པའི་གློག་བརྙན་ཐོག་མའང་ཡིན་ནོ།


འབྲེལ་ཡོད་འོས་སྦྱོར།