logo

ཨ་ལན་ཟླ་བ་སྒྲོལ་མའི་མི་སྒེར་གྱི་གླུ་གཞས་ཆེད་ཚོགས་དེ་ཉི་ཧོང་དུ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-04 ཀློག་གྲངས།:

ཨ་ལན་ཟླ་བ་སྒྲོལ་མས་ཉི་ཧོང་དུ་མི་སྒེར་གྱི་གླུ་གཞས་ཆེད་ཚོགས་བསྡུས་པ།
ཨ་ལན་ཟླ་བ་སྒྲོལ་མའི་མི་སྒེར་གྱི་གླུ་གཞས་ཆེད་ཚོགས་དེ་ཉི་ཧོང་དུ་བསྡུས་པ།

      གླུ་བ་ཨ་ལན་ཟླ་བ་སྒྲོལ་མའི་ཉི་ཧོང་ཐོའོ་ཁེའོ་རི་སྤྱིལ་ཁང་དུ་སྤེལ་བའི་མི་སྒེར་གྱི་གླུ་གཞས་ཆེད་ཚོགས་ཐེངས་གཉིས་པོ་ཉེ་ལམ་བདེ་བླག་ངང་མཇུག་སྒྲིལ་ཞིང་། འདི་ནི་ཨ་ལན་རང་རྒྱལ་དུ་ལོག་སྟེ་ལས་རིགས་འཕེལ་རྒྱས་སུ་བཏང་རྗེས། སླར་ཉི་ཧོང་གི་གར་སྟེགས་སུ་བུད་དེ་མི་སྒེར་གྱི་གླུ་གཞས་ཆེད་ཚོགས་བསྡུས་པ་ཞིག་ཡིན་ལ། མི་སྒེར་གླུ་གཞས་ཆེད་ཚོགས་ཀྱི་མིང་ལ་ཨ་ལན་ཁྱིམ་རྒྱུད་ལྷན་འཛོམས་ཞེས་ཟེར།
      ཐེངས་འདིའི་ཨ་ལན་ཁྱིམ་རྒྱུད་ལྷན་འཛོམས་ཞེས་པའི་མི་སྒེར་གླུ་གཞས་ཆེད་ཚོགས་སུ་ལུས་ཀྱི་གྱོན་གོས་རྣམ་པའི་ཆ་ནས་ཁྱད་དུ་འཕགས་པའི་བོད་ལྭ་གྱོན་པ་དང་། ཁམས་པའི་ཚབ་མཚོན་གྱི་གྱོན་གོས་སྤྲས་ཏེ་རྒྱལ་རོང་ས་ཁུལ་གྱི་གྱོན་གོས་ཁྱད་ཆོས་ཡོངས་སུ་མངོན་སླད། ཨ་ལན་གྱི་གླུ་གཞས་འཁྲབ་སྟོན་ལ་རྒྱལ་རོང་ས་ཁུལ་གྱི་མཛེས་སྣང་ལས་རབ་ཏུ་བརྗིད།
      མ་ཟད། ཐེངས་འདིའི་ཆེད་ཚོགས་སུ་ཨ་ལན་ཟླ་བ་སྒྲོལ་མས་ཕ་ཡུལ་གྱི་དམངས་གླུ《ཨ་ཁུ་བྱམས་པ》དང《མདོ་དབུས་མཐོ་སྒང》སོགས་གླུ་གཞས་ཕུལ་ལ། ཡུལ་དངོས་ཀྱི་ཉི་ཧོང་གཞས་དུངས་པར་ཨ་ལན་གྱི་ཕ་ཡུལ་ནས་ཁྱེར་ཡོང་བའི་ལེགས་སྐྱེས་ཁ་བཏགས་དཀར་པོ་ཕུལ་བ་རེད།


འབྲེལ་ཡོད་འོས་སྦྱོར།