སྨན་གླིང་རྫོང་གི་སྐབས་བརྒྱད་པའི་པད་མ་སེར་པོའི་གསོ་རིག་རིག་གནས་ཡུལ་སྐོར་དུས་ཆེན་བསྡུས།

སྨན་གླིང་རྫོང་གི་སྐབས་བརྒྱད་པའི་པད་མ་སེར་པོའི་གསོ་རིག་རིག་གནས་ཡུལ་སྐོར་དུས་ཆེན་བསྡུས།
སྤྱི་ཚེས28ཉིན་གྱི་ཞོགས་པར། 2014ལོའི་བོད་ལྗོངས་ཉིང་ཁྲི་སྨན་གླིང་རྫོང་གི་སྐབས་བརྒྱད་པའི་པད་མ་སེར་པོའི་གསོ་རིག་རིག་གནས་ཡུལ་སྐོར་དུས་ཆེན་དེ་སྨན་གླིང་རྫོང་བཀྲ་གུང་རོང་དུ་དངོས་སུ་སྤེལ་ཡོད་པ་རེད།

སྨན་གླིང་རྫོང་གི་པད་མ་སེར་པོའི་གསོ་རིག་རིག་གནས་ཡུལ་སྐོར་དུས་ཆེན་དེ་བོད་ལྗོངས་སུ་ཡུན་རིང་བོར་མཚན་སྙན་གྲགས་རྒྱས་པའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མཚོན་རྟགས་གྲས་ཤིག་ཡིན་པ་དང་། 2006ལོར་སྤེལ་བ་ནས་བཟུང་ད་ལྟའི་བར་ལོ་ངོ7གྱི་ལོ་རྒྱུས་ལྡན་ལ། ད་ཐེངས་ནི་སྐབས་བརྒྱད་པ་ཡིན།
འཛམ་གླིང་ཡོངས་སུ་རི་སྐྱེས་པད་མ་སེར་པོའི་རིགས10000ཙམ་ཉར་ཚགས་བྱས་ཡོད་པ་དང་། བཀྲ་གུང་རོང་དུ་རིགས5000ལྷག་ཡོད་ལ། འདི་ནི་འཛམ་གླིང་ན་གཞི་རྒྱ་ཆེ་ཤོས་ཀྱི་རི་སྐྱེས་པད་མ་སེར་པོ་སྐྱེས་སའི་ས་ཆ་ཡང་ཡིན།
