ཀན་སུའི་བོད་ཁུལ་དུ་སྐོར་བསྐྱོད་དངུལ་ཁང་བཙུགས་ནས་རོང་འབྲོག་པར་སྟབས་བདེ་བཟོས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-05-27
ཀློག་གྲངས།:
རོང་འབྲོག་མང་ཚོགས་ཀྱིས་སྐོར་བསྐྱོད་དངུལ་ཁང་དུ་དངུལ་ལེན་པ།
ཟླ5པའི་ཚེས24ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཤོད་གྲོང་རྡལ་མ་མོ་སུམ་སྣ་སྡེ་བར་ སྐོར་བསྐྱོད་དངུལ་ཁང་ཞེས་པའི་ཞིང་ཕན་ཞབས་ཞུ་རླངས་འཁོར་ཡོང་ནས་དངུལ་གསོག་ལེན་གྱི་ལས་སྒོ་བསྒྲུབས། མིག་སྔར་ཞིང་ལས་དངུལ་ཁང་ཀན་སུའུ་ཡན་ལག་དངུལ་ཁང་གིས་ཀན་ལྷོ་བོད་ཁུལ་དུ་ཆེད་དུ་སྐོར་བསྐྱོད་རླངས་འཁོར8བཀོད་སྒྲིག་བྱས་ནས་ཡུལ་མཐའ་ན་ཡོད་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བའི་རོང་འབྲོག་མང་ཚོགས་ལ་སྒོ་ཁའི་དངུལ་རྩའི་ཞབས་ཞུ་བསྒྲུབས་པ་རེད།
འབྲེལ་ཡོད་འོས་སྦྱོར།