རྒྱལ་ཡོངས་ཐོག་མའི་ཁྱད་ལྡན་སྦྲག་རྟགས《ཐང་ག》རྒྱལ་ཡོངས་སུ་འགྲེམ་སྤེལ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-05-21
ཀློག་གྲངས།:
རྒྱལ་ཡོངས་ཐོག་མའི་ཁྱད་ལྡན་སྦྲག་རྟགས《ཐང་ག》རྒྱལ་ཡོངས་སུ་འགྲེམ་སྤེལ།
ཉེ་ལམ། ཀྲུང་གོའི་སྦྲག་སྲིད་ཁང་གིས་འགྲེམ་སྤེལ་བྱས་པའི་ཁྱད་ལྡན་སྦྲག་རྟགས《ཐང་ག》ཐོག་དང་པོར་རྒྱལ་ཡོངས་སུ་བཀྲམ་པ་རེད།
ཁྱད་ལྡན་སྦྲག་རྟགས《ཐང་ག》འདིར་རིན་སྒོར1.20ཅན་གྱི《ཤཱཀྱ་མུ་ནེ》དང《འོད་དཔག་མེད》། 《སྒྲོལ་ལྗང》། 《སྒྲོལ་དཀར》བཅས་བཞི་དང་། རིན་སྒོར6ཅན་གྱི《སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང》གཅིག ཡོངས་སུ་རིན་སྒོར10.80རེད།
《ཐང་ག》ནི་མིང་དུ་གྲགས་པའི་སྦྲག་རྟགས་ཇུས་འགོད་པ་ལིའུ་ཀྲོའོ་དང་ཧྥང་ཅུན་གཉིས་ཀྱིས་ཇུས་འགོད་བྱས་པ་ཡིན་ལ། ཐང་ག་ལྔ་བོའི་མ་ཕྱི་ཡོངས་ནི་གནའ་བོའི་ཕོ་བྲང་རིག་དངོས་གླིང་གི་ཁྱད་ཉར་དངོས་རྫས་ཡིན།
འབྲེལ་ཡོད་འོས་སྦྱོར།