logo

རེབ་གོང་ཐང་ག་ཧྲིན་ཀྲིན་གྱི་རིག་དངོས་བཤམས་ཚོགས་སུ་བཀྲམ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-15 ཀློག་གྲངས།:


མཚོ་སྔོན་རེབ་གོང་ཐང་ག་འགྲེམ་སྟོན།

      ཟླ5བའི་ཚེས13ཉིན་ནས་ཚེས28བར། ཀྲུང་གུང་ཧྲིན་ཀྲིན་གྲོང་ཁྱེར་ལོ་ཧུའུ་ཁུལ་རིག་གནས་ལུས་རྩལ་ཅུའུ་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཅུས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་སྒྱུ་རྩལ་ཁང་དང་ཧྲིན་ཀྲིན་གྲོང་ཁྱེར་ལོ་ཧུའུ་རིག་གནས་སྤྱི་གླིང་། པེ་ཅིང་ཙོང་ཁ་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་ཟི་བཅས་ཀྱིས་འགན་སྒྲུབ་གནང་བའི་བོད་བརྒྱུད་རེབ་གོང་ཐང་ག་ཧྲིན་ཀྲིན་རིག་དངོས་བཤམས་ཚོགས་སུ་འགྲེམ་སྟོན་བྱེད་པའི་བྱ་འགུལ་དེ་ཧྲིན་ཀྲིན་ལོ་ཧུའུ་གསར་སྐྲུན་རིག་གནས་ཐང་ཆེན་དུ་བསྡུས།

མཚོ་སྔོན་རེབ་གོང་ཐང་ག་འགྲེམ་སྟོན།
མཚོ་སྔོན་རེབ་གོང་ཐང་ག་འགྲེམ་སྟོན།

      ཐེངས་འདིའི་འགྲེམ་སྟོན་སྟེང་ཐང་གའི་བརྩམས་ཆོས40ལྷག་དང་ཐང་ག་བཞེངས་པའི་ཡོ་ཆས་དང་གཏེར་དངོས་བྱུགས་རྫས་སོགས་འདུས་པ་དང་། དེ་ལས་ཤ་བོ་ཚེ་རིང་གི་དགེ་ཕྲུག་གིས་བཞེངས་པའི་རིང་ཚད་ལ་སྨི6ཅན་གྱི《ནོར་ལྷ་ཁག་ལྔ》དང་།  རྒྱལ་ཁབ་ལག་ཤེས་མཛེས་རིས་པ་གདུགས་དཀར་གྱི《རྒྱལ་བ་བྱམས་པ》།  རྒྱལ་ཁབ་ལག་ཤེས་མཛེས་རིས་པ་ཀུན་ཐར་གྱི《སྒྲོལ་དཀར》སོགས་ནི་ཤིན་ཏུ་མཐོང་དཀོན་པའི་ཁྱད་ནོར་དུ་ངེས།


མཚོ་སྔོན་རེབ་གོང་ཐང་ག་འགྲེམ་སྟོན།

      2006ལོའི་ཟླ5བར་རང་རྒྱལ་ཐེངས་དང་པོའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོར་དངོས་སུ་ཚུད་པའི་ཐང་ག་དེ། ཉེ་བའི་ལོ་འདི་འགར་ཁྱད་དུ་འཕགས་པའི་ཉར་ཚགས་རིགས་ཀྱི་སྒྱུ་རྩལ་ཐོན་རྫས་སུ་བྱེད་པའི་ཆ་ནས་མདོ་དབུས་མཐོ་སྒང་ནས་དལ་བ་དལ་གྱིས་འཛམ་གླིང་དུ་བསྐྱོད་ཅིང་འཛམ་གླིང་སྒྱུ་རྩལ་ཐོན་རྫས་ཁྱབ་ཁོངས་སུ་གཉོམ་ལག་རྒྱས་ཀྱི་ཡོད།


འབྲེལ་ཡོད་འོས་སྦྱོར།