བོད་ལྗོངས་ནོར་གནག་དངོས་མང་བཤམས་སྟོན་ཁང་གི་སྒོ་འབྱེད་ལ་ཉེ་བ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-05-05
ཀློག་གྲངས།:

བོད་ལྗོངས་ནོར་གནག་དངོས་མང་བཤམས་སྟོན་ཁང་།
འཛུགས་སྐྲུན་བྱེད་བཞིན་པའི་བོད་ལྗོངས་ནོར་གནག་དངོས་མང་བཤམས་སྟོན་ཁང་།
བོད་ལྗོངས་ནོར་གནག་དངོས་མང་བཤམས་སྟོན་ཁང་ནི་པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་གཞིའི་གྲས་ཤིག་ཡིན་ཞིང་། ལྷ་སའི་སྣེའུ་གསར་སྤེལ་ས་ཁུལ་དུ་བསྐྲུན་ཡོད་པ་དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ8000ལྷག་ཡོད་ལ། རང་རྒྱལ་དུ་ནོར་གནག་དང་ནོར་གནག་རིག་གནས་དེ་ཆེད་བསྒྲིགས་བརྗོད་གཞི་རུ་བྱས་པའི་དངོས་མང་བཤམས་སྟོན་ཁང་ཁོ་ན་ཡིན་པ་རེད།
བོད་ལྗོངས་དངོས་མང་བཤམས་སྟོན་འདིས་གཙོ་བོ་ནོར་གནག་དང་བོད་རིགས་མི་དམངས་ཀྱིས་མཉམ་དུ་བསྐྲུན་པའི་བོད་ཀྱི་རིག་གནས་དང་སྒྱུ་རྩལ་བརྩམས་ཆོས་ཁྲོད་ཀྱི་ནོར་གནག་རིག་གནས་དེ་མཚམས་སྦྱོར་བྱེད་པ་རེད། རྒྱུས་ལོན་པ་ལྟར་ན་ད་ལོའི་ཟླ5པའི་ཚེས18ཉིན་དེ་འཛམ་གླིང་གི་དངོས་མང་བཤམས་སྟོན་ཁང་གི་ཉིན་མོར་སྒོ་འབྱེད་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
