logo

གློག་བརྙན《ལང་ཚོའི་འདས་དོན》གྱི་གཟིགས་འབུལ་མཛད་སྒོ་མཚོ་ལྷོ་རུ་བསྡུས་པ།

རྩོམ་པ་པོ།:པེ་ཅིང་ཁ་བ་ཅན་གློག་བརྙན་ཀུང་ཟི ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-30 ཀློག་གྲངས།:


གློག་བརྙན《ལང་ཚོའི་འདས་དོན》གྱི་གཟིགས་འབུལ་མཛད་སྒོ་མཚོ་ལྷོ་རུ་བསྡུས་པ།

  ཟླ4པའི་ཚེས19ཉིན། གློག་བརྙན《ལང་ཚོའི་འདས་དོན》གྱི་ཐོག་མའི་གཟིགས་འབུལ་མཛད་སྒོ་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་ནས་གཟབ་རྒྱས་ངང་བསྡུས་ཤིང་། བོད་ཀྱི་སྒྱུ་རྩལ་པ་གྲགས་ཅན་ཞི་བདེ་ཉི་མ་དང་། འཁྲབ་སྟོན་པ་དང་གཞས་གདངས་རྩོམ་མཁན་སྙིང་རྩེ་རྒྱལ། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་སློབ་གཙོ་གཞོན་པ་བསོད་ནམས་དཔལ་ལྡན།  བོད་ཀྱི་གླུ་བ་གྲགས་ཅན་མཁར་བྱམས་རྒྱལ།  པེ་ཅིན་ཁ་བ་ཅན་གློག་བརྙན་ཀུང་ཟིའི་སྤྱི་གཉེར་བ་འབྲོང་སྐྱེས་བསོད་ནམས་རྒྱལ། མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁ་བའི་ཞབས་རྗེས་ཀྱི་མདོ་འཛིན་པ་རྡོ་རྗེ་རྒྱལ་མཚན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་དྲ་ཚིགས་ཇུས་འགོད་པ་རྣམ་རྒྱལ་རིག་འཛིན། ན་གཞོན་གླུ་བ་བཀྲ་ཤིས་རྣམ་རྒྱལ། ན་གཞོན་གཞས་མ་སྒྲོལ་མ་སྐྱིད་སོགས་གདན་ཞུའི་སྐུ་མགྲོན་མང་པོ་མཛད་སྒོ་འདིའི་སྟེང་ཕེབས་ཡོད་ལ། དེ་མིན་སློབ་རའི་གློག་བརྙན《ལང་ཚོའི་འདས་དོན》གྱི་ན་གཞོན་འཁྲབ་འཁྲིད་པ་ལྷ་དཔལ་རྒྱལ་དང་བརྙན་ལེན་པ་ཚེ་རིང་གཡང་སྐྱབས། སྒྲིག་སྦྱོར་བ་ཕྱག་རྡོར་སྐྱབས། འཁྲབ་སྟོན་པ་གཙོ་བོ་བསྟན་འཛིན་རྡོ་རྗེ། ཀླུ་དབང་རྒྱལ་སོགས་ཀྱང་ཞུགས་འདུག

藏族电影《青春往事》首映仪式在海南州第一民族高中举行
གློག་བརྙན《ལང་ཚོའི་འདས་དོན》གྱི་གཟིགས་འབུལ་མཛད་སྒོ་མཚོ་ལྷོ་རུ་བསྡུས་པ།

  གློག་བརྙན《ལང་ཚོའི་འདས་དོན》གྱི་གཟུགས་འབུལ་མཛད་སྒོའི་སྟེང་་ན་གཞོན་འཁྲབ་འཁྲིད་པ་ལྷ་དཔལ་རྒྱལ་དང་སྒྲིག་སྦྱོར་བ་ཕྱག་རྡོར་སྐྱབས་སོགས་ཀྱིས་རིམ་པ་བཞིན་དུ་སློབ་རའི་གློག་བརྙན《ལང་ཚོའི་འདས་དོན》དང་འབྲེལ་ནས་རང་ཉིད་ཀྱི་སེམས་ཚོར་དང་བསམ་ཚུལ་ལྷུག་བརྗོད་བྱས་ཤིང་། དེར་འདུས་ཀྱི་སྐུ་མགྲོན་དང་དགེ་སློབ་མང་པོས་ཡི་རང་དང་བསྔགས་བརྗོད་ཀྱི་མེ་ཏོག་བར་མེད་གཏོར།


གློག་བརྙན《ལང་ཚོའི་འདས་དོན》གྱི་གཟིགས་འབུལ་མཛད་སྒོ་མཚོ་ལྷོ་རུ་བསྡུས་པ།

  དེ་ནས་གཟིགས་འབུལ་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དངོས་སུ་འགོ་བརྩམས་ཤིང་། ཕུན་སུམ་ཚོགས་པའི་འཁྲབ་སྟོན་གྱི་རྣམ་པས་དགེ་སློབ་མང་པོའི་ཡིད་ཀྱི་དང་བ་ཅིག་ཅར་དུ་དྲངས་པར་གྱུར། མཇུག་མཐར་སྒྱུ་རྩལ་བ་གྲགས་ཅན་རྒན་ཞི་བདེ་ཉི་མས་བོད་ཀྱི་གློག་བརྙན་ལས་རིགས་དང་དམངས་སྲོལ་རིག་གནས་ཀྱི་ཕྱོགས་ནས་ཚང་མར་གནད་འདུས་ཤིང་དོན་དང་ལྡན་པའི་ཁ་བརྡ་བྱས་པ་རེད།
  མཛད་སྒོ་འདིས་སློབ་བུ་མང་པོར་བོད་ཀྱི་གློག་བརྙན་ལས་རིགས་དང་དམངས་སྲོལ་རིག་གནས་ལ་དགའ་ཞེན་གྱི་བསམ་པ་སྐྱེ་བར་ནུས་པ་བླ་ལྷག་ཐོན་ཅིང་།  དེ་ལ་འཇུག་འདོད་ཀྱི་ཀུན་སློང་གཙང་མ་ཞིག་འབྱུང་བར་སྐུལ་འདེད་ཆེན་པོ་བྱས།

 

 

 


འབྲེལ་ཡོད་འོས་སྦྱོར།