རྒྱལ་སྤྱིའིNGOཡིས་པེ་ཅིང་གི་སློབ་ཆེན་པ་དག་ལ་བྱང་ཐང་རི་དྭགས་སྲུང་སྐྱོང་ལས་གཞི་མཚམས་སྦྱོར་གནང་།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-04-28
ཀློག་གྲངས།:
རྒྱལ་སྤྱིའིNGOཡིས་པེ་ཅིང་དུ་ཡོད་པའི་སློབ་ཆེན་སློབ་མ་རྣམས་ལ་བྱང་ཐང་རི་དྭགས་སྲུང་སྐྱོང་ལས་གཞི་མཚམས་སྦྱོར་གནང་།
ཟླ4བའི་ཚེས21ནས་ཚེས22བར། རྒྱལ་སྤྱིའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སློབ་ཚོགས་ཀྱིས་སྔ་གཞུག་ཏུ་པེ་ཅིང་ནགས་ལས་སློབ་ཆེན་དང་པེ་ཅིང་དགེ་ཐོན་སློབ་ཆེན་སོགས་སུ“བྱང་ཐང་གི་ཁ་དབུགས། མདོ་དབུས་མཐོ་སླང་གི་རི་སྐྱེས་སྲོག་ཆགས་ལ་བསམ་གཞིག་དང་བརྩེ་སེམས་སྒོམ་པ”ཞེས་པ་བརྗོད་དོན་དུ་བཟུང་ནས་སློབ་ཁྲིད་གནང་སྟེ་དེར་བཞུགས་དགེ་སློབ་དང་། བོད་ལྗོངས་དང་རི་སྐྱེས་སྲོག་ཆགས་ལ་སྤྲོ་བ་ཟབ་པའི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣས་བྱང་ཐང་ལ་ངོས་འཛིན་དང་། བྱང་ཐང་དུ་འཚོ་བ་རོལ་བའི་སྲོག་ཆགས་དག་ལ་རྒྱུས་ལོན་བྱེད་པར་ཁྲིད་སྟོན་གནང་བ་རེད།
འབྲེལ་ཡོད་འོས་སྦྱོར།