བོད་ལྗོངས་ཀྱིས་བོད་སྨན་གྱི་ཚད་གཞི150གཏན་འབེབས་བྱ་རྩིས་ཡོད་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-04-27
ཀློག་གྲངས།:
ཉེ་ཆར། རྒྱུས་ལོན་པ་ལྟར་ན་བོད་ལྗོངས་ཀྱིས་བོད་སྨན་ཚད་ལྡན་ཅན་དུ་བསྒྱུར་པའི་ལས་ཀ་རིགས་སོ་སོ་བདེ་བླག་ངང་སྤེལ་ཞིང་། འཆར་གཞི་ལྟར་ན་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་བོད་སྨན་གྱི་ཚད་གཞི150གཏན་འབེབས་བྱ་རྒྱུ་རེད།
བོད་སྨན་གྱི་ཚད་གཞི150ཡི་ཁྲོད་དུ་གཞི་རྩའི་ཚད་གཞི27དང་། ལག་རྩལ་གྱི་ཚད་གཞི36། བྱ་བའི་ཚད་གཞི28། དོ་དམ་གྱི་ཚད་གཞི19། སྣོད་ཆས་ཀྱི་ཚད་གཞི8། བོད་སྨན་ཚད་གཞི16། ཆ་འཕྲིན་ཅན་གྱི་ཚད་གཞི16བཅས་འདུས་ཤིང་། བོད་སྨན་གྱི་ཚད་གཞི་གཏན་ལ་ཕབ་པར་བརྒྱུད་ནས་ཅུང་བརྟན་འཇགས་ཡིན་པའི་བོད་སྨན་ཚད་ལྡན་ཅན་གྱི་ཞིབ་འཇུག་ལྟེ་གནས་དང་ཆེད་གཉེར་ལས་ཁུངས། འཇོན་མི་སྐྱེད་སྲིང་གཞི་རྟེན་སོགས་འགྲུབ་ཐུབ་པ་རེད།
འབྲེལ་ཡོད་འོས་སྦྱོར།