logo

པདྨ་ཚེ་བརྟན་ཀྲུང་ཧྭའི་བརྙན་གཟུགས་སྒྱུ་རྩལ་དུས་ཆེན་སྐབས་བཞི་བར་ཞུགས་རྒྱུ་ཡིན་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-24 ཀློག་གྲངས།:

པདྨ་ཚེ་བརྟན་ཀྲུང་ཧྭའི་བརྙན་གཟུགས་སྒྱུ་རྩལ་དུས་ཆེན་སྐབས་བཞི་བར་ཞུགས་རྒྱུ་ཡིན་པ།

     ཟླ5བའི་ཚེས7ནས་ཚེས18བར། ཀྲུང་ཧྭའི་བརྙན་གཟུགས་སྒྱུ་རྩལ་དུས་ཆེན་སྐབས་བཞི་བ་དེ་དབྱིན་ཇིའི་རྒྱལ་ས་ལུན་ཏུང་དུ་སྤེལ་རྒྱུ་ཡིན་ཞིང་། འཁྲབ་ཁྲིད་པ་ཀྱཱ་ཀྲང་ཁི་དང་པདྨ་ཚེ་བརྟན་གཉིས་གདན་ཞུའི་སྐུ་མགྲོན་བཞིན་ཐེངས་འདིའི་སྒྱུ་རྩལ་དུས་ཆེན་དུ་ཞུགས་རྒྱུ་ཡིན་པ་དང་། བྱ་འགུལ་འདིར་ད་དུང་ཀྲུང་གོའི་རང་ཚུགས་བརྙན་གཟུགས་འགྲེམ་སྟོན་ལོ་འཁོར10ལོན་པའི་བྱ་འགུལ་ཡང་འདུས་པ་ཡིན། ཟླ5བའི་ཚེས7ཉིན་གྱི་མགོ་རྩོམ་མཛད་སྒོའི་སྟེང་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི《ཁྱི་རྒན》ཞེས་པའི་གློག་བརྙན་གཏོང་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།