བོད་རང་སྐྱོང་ལྗོངས་སྐབས་དང་པོའི་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་མིང་འདོགས་པའི་ཚོགས་ཆེན་བསྡུས།
བོད་རང་སྐྱོང་ལྗོངས་སྐབས་དང་པོའི་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་མིང་འདོགས་པའི་ཚོགས་ཆེན་བསྡུས།
ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་མིང་འདོགས་པའི་ཚོགས་ཆེན་དེ་ལྷ་ས་རུ་བསྡུས་ཤིང་། ལྗོངས་རིམ་པའི་བཟོ་རྩལ་མཛེས་རྩལ་ཆེ་མོ་བ25འདེམ་ཐོན་བྱུང་བ་དང་། ཐེངས་འདིའི་འདེམ་ཐོན་ལས་བོད་ལྗོངས་སུ་རང་སྐྱོང་ལྗོངས་རིམ་པའི་བཟོ་རྩལ་མཛེས་རྩལ་པ་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་ཏེ་མུ་མཐུད་དུ་བོད་ལྗོངས་ཀྱི་སྲོལ་རྒྱུན་བཟོ་རྩལ་མཛེས་རྩལ་རྒྱུན་འཛིན་དང་དར་སྤེལ་ལེགས་པོར་གཏོང་བར་སྐུལ་འདེད་བཏང་།
ལེགས་འདེམ་བྱུང་བའི་བོད་ལྗོངས་ཀྱི་བཟོ་རྩལ་མཛེས་རྩལ་ཆེ་མོ་བ25།
བོད་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་འདེམ་པའི་ བྱ་འགུལ་ནི་ན་ནིང་གི་ཟླ6པ་ནས་མགོ་བརྩམས་པ་ཡིན་ལ། ཆེད་མཁས་པ་རྣམས་ཀྱིས་བཟོ་རྩལ་མཛེས་རྩལ་པ36ལས་ཐོག་མའི་ཐོབ་ཐང་ཞིབ་བཤེར་དང་། ལེགས་འདེམ་བཅས་བྱེད་པར་བརྒྱུད་མཐའ་མར་དེ་ལས་མི25འདེམ་ཐོན་བྱུང་བ་རེད། བཟོ་རྩལ་མཛེས་རྩལ་བ་འདི་དག་ནི་ལྷ་ས་དང་། གཞིས་ཀ་རྩེ། ཆབ་མདོ། ལྷོ་ཁ། ཉང་ཁྲི་སོགས་ས་ཁུལ5ནས་ཐོན་པ་ཡིན་ཞིང་། དེ་ལས་ཐང་གའི་སྒྱུ་རྩལ་པ15དང་། གསེར་དངུལ་ལས་བཟོ་དང་། ལྷ་སྐུ་ལས་བཟོ། གདོང་འབག་ལས་བཟོ། ཐེར་མ་བསླས་འཐག་སོགས་རྣམ་གྲངས9རུ་མི10བཅས་ཡིན་ལ། ལྷག་པ་དང་། སྐར་མ་བདེ་ལེགས། ནོར་བུ་སྲི་ཐར་སོགས་ལྷ་རིས་ཐང་གའི་སྒྱུ་རྩལ་མི་འདྲ་བ་ལས་ཡོང་བ་དག་དང་། ནོར་བུ་དགྲ་འདུལ་དང་། ཕན་ཐོགས། པ་སངས་སོགས་ལག་བཟོའི་སྒྱུ་རྩལ་པ་རྣམས་ལ་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་མཚན་བཟང་གསོལ་ཞིང་། དེ་དག་ལས་ལོ་ན་ཆེས་ཕྲ་བ་ནི་ལོ38དང་ཆེས་མཐོ་བ་ནི་ལོ82ཡིན།
རྒྱུས་ལོན་པ་ལྟར་ན། ད་ནས་བཟུང་བོད་ལྗོངས་ཀྱིས་ལོ་ལྔའི་ནང་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་ལེགས་འདེམ་ གྱི་བྱེད་སྒོ་ཐེངས་གཅིག་ལ་སྤེལ་རྒྱུ་ཡིན་ཞིང་། འདི་ལྟ་བུའི་བྱེད་སྒོར་བརྒྱུད་སྲོལ་རྒྱུན་བཟོ་རྩལ་མཛེས་རྩལ་གྱི་རིག་གནས་སྔར་ལས་སྲུང་སྐྱོབ་དང་མྱུར་སྐྱོབ། རྒྱུན་འཛིན་དང་དར་སྤེལ་ཐད་སྐུལ་འདེད་གཏོང་ཐུབ་པ་དང་། བོད་ལྗོངས་བཟོ་རྩལ་མཛེས་རྩལ་གྱི་མི་སྣ་སྔོག་འདོན་སྒོས་བོད་ལྗོངས་བཟོ་རྩལ་ མཛེས་རྩལ་གྱི་རིག་གནས་སྙན་གྲགས་སྔར་ལས་མཐོར་འདེགས་སུ་གཏོང་རྒྱུ་དེ་རེད།