logo

གླུ་མ་བསྟན་པ་དབང་མོའི་གླུ་གཞས་ཆེད་སྒྲིག་གཉིས་པ་འགྲེམ་སྤེལ་བྱེད་ལ་ཉེ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-18 ཀློག་གྲངས།:

藏族女歌手丹巴旺姆即将发行第二张个人专辑

  བོད་ཀྱི་གླུ་མ་བསྟན་པ་དབང་མོས་སྒྲ་འཛིན་རྣ་བའི་བཅུད་འཕྲོག་པར་བྱེད་པའི་སྐད་ངག་སྙན་མོ་ལས་ཁོ་མོའི་མི་ཚེ་བགྲོད་ལམ་ཡངས་པོ་ཞིག་བརྟོལ་འདུག་ཅིང་། ཁོ་མོའི་གླུ་གཞས་ཀུན་མདོ་དབུས་ཁམས་གསུམ་གྱི་གླུ་གཞས་སྟེགས་བུའི་སྟེང་དར་ཁྱབ་ཆེ། བྱེ་བྲག་ཏུ་གླུ་གཞས་ཆེད་སྒྲིག་བརྩམས་ཆོས་དང་པོའི་ཁྲོད་ཀྱི《སྟར་ཀ་ལགས》དང《བརྩེ་བའི་ཁ་བཏགས》ལ་རྒྱ་ཆེའི་གཞས་མོས་པ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་དང་འཐོབ་གྱིན་ཡོད་པ་རེད།
  གླུ་མ་བསྟན་པ་དབང་མོའི་གླུ་གཞས་ཆེད་སྒྲིག་གཉིས་པའི་ཁྲོད་ཁོ་མོའི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོའི་ཐུན་མིན་གྱི་ཁྱད་ཆོས་རང་སོར་བཞག་ཡོད་པའི་ཁར། ཁོ་མོའི་མི་རིགས་ཀྱི་ཡུལ་སྲོལ་ཁྱད་ཆོས་དང་མཉམ་དུ་འཚོ་བའི་འདུ་ཤེས་དྲག་པོ་དེའང་མངོན་པར་མཚོན་ཅི་ཐུབ་བྱས་ཡོད་པ་རེད།
 


འབྲེལ་ཡོད་འོས་སྦྱོར།