logo

ཀན་ལྷོའི་བསང་ཆུ་ནས་ལྷ་སའི་བར་གྱི་གནམ་གྲུ་དངོས་སུ་ཤར་གཏོང་བྱས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-18 ཀློག་གྲངས།:
  ཟླ4པའི་ཚེས14ཉིན་གྱི་སྔ་དྲོའི་དུས་ཚོད9དང་སྐར་མ10ཡི་སྟེང་། སི་ཁྲོན་མཁའ་འགྲུལ་ཀུང་ཟིའི་འཕུར་ཐེངས3U8599ཡི་གནམ་གྲུ་དེ་ཀན་ལྷོའི་བསང་ཆུའི་གནམ་གྲུ་ཐང་དུ་བབས་པ་དང་བསྟུན་ནས་ཀན་ལྷོ་ནས་ལྷ་སའི་བར་གྱི་གནམ་གྲུ་དངོས་སུ་ཤར་གཏོང་ཐུབ་པ་རེད།
  ཟླ4པའི་ཚེས14ཉིན་ནས་བཟུངA319རྟགས་ཅན་གྱི་གནམ་གྲུ་དེ་གཟའ་འཁོར་རེར་གཟའ་ཟླ་བ་དང་གཟའ་པ་སངས་ཉིན་འཕུར་གྱིན་ཡོད་ཅིང་། བསང་ཆུ་ནས་ལྷ་སའི་བར་གྱི་མཁའ་ལམ་ཕྱེས་པ་ཡིས་བོད་རིགས་མང་ཚོགས་གནས་སྐོར་ལ་འགྲོ་བའི་མཁོ་འདོད་ཚིམས་པར་བྱས་ཐོག ཀན་ལྷོ་དང་བོད་ལྗོངས་བར་གྱི་ཚོང་ཟོང་བརྗེ་རེས་དང་རིག་གནས་བགྲོ་གླེང་སོགས་སུ་སྐུལ་འདེད་བྱས་པ་རེད། 


འབྲེལ་ཡོད་འོས་སྦྱོར།