《ཞང་ཞུང་བཀའ་བསྟན》རྒྱ་འགྱུར་མའི་ལས་གཞི་དངོས་སུ་འགོ་ཚུགས་པ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-04-16
ཀློག་གྲངས།:
《ཞང་ཞུང་བཀའ་བསྟན》།
2013ལོའི་ཟླ7པར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་ཀྲུང་གོའི་སྤྱི་ཚོགས་རིག་གནས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་རྒྱབ་སྐྱོར་འོག རྟ་མགྲིན་འོད་ཟེར་གྱིས་རང་ཉིད་ཀྱིས་མ་དངུལ་བཏང་སྟེ་མི་སྣ་རྩ་འཛུགས་སྒོས《ཞང་ཞུང་བཀའ་བསྟན》ལེགས་སྒྲིག་དང་ལོ་ཙཱ་གནང་བ་དང་། ལོ་ངོ10ལ་ལེགས་འགྲུབ་འབྱུང་འཆར་ཡོད་པའི《ཞང་ཞུང་བཀའ་བསྟན》རྒྱ་འགྱུར་མའི་ལས་གཞི་དངོས་སུ་འགོ་བརྩམས་པ་རེད།
མཚམས་སྦྱོར་གནང་བ་ལྟར་ན། 《ཞང་ཞུང་བཀའ་བསྟན》ཞེས་པའི་ནང་དོན་མ་གཞི་རྒྱ་ཆེ་ནའང་། ལོ་ངོ་སྟོང་ཕྲག་ལྷག་གི་འགྱུར་བར་བརྒྱུད། དེ་ལས་ནང་དོན་འགའ་ཤས་བོར་བརླག་ཏུ་སོང་ཞིང་། ད་སྔ་ཡོད་པ་ནི་པོ་ཏི178ལས་མ་འདས་ཏེ། 《འདུལ་བ》པོ་ཏི74དང་། 《མདོ》པོ་ཏི70། 《རྒྱུད》པོ་ཏི26། 《མཛོད》པོ་ཏི8བཅས་འདུས།
འབྲེལ་ཡོད་འོས་སྦྱོར།