ཡུལ་ཤུལ་དུ་གོས་སྐུ་བཤམས་ནས་ས་འགུལ་བྱུང་ནས་ལོ་ངོ་བཞི་འགོར་བར་རྗེས་དྲན་བྱེད་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-04-15
ཀློག་གྲངས།:

གོས་སྐུ་བཤམས་པའི་ཡུལ་དངོས།
གོས་སྐུའི་འདེབས་སུ་འདས་པོའི་མཚན་བཀོད་པ།
ཟླ4པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་གྱི་འདམ་མཁར་ལྷུན་གྲུབ་བདེ་ཆེན་ཆོས་འཁོར་གླིང་དུ་སྲིད་ལ་སྨི70དང་ཞེང་ལ་སྨི50ཡོད་པའི་གོས་སྐུ་བཤམས་ནས4.14ས་འགུལ་བྱུང་ནས་ལོ4འགོར་བར་རྗེས་དྲན་བྱས།
རྒྱུས་ལོན་པ་ལྟར་ན་གོས་སྐུ་ཆེན་མོ་འདིར་སྒོར་ཁྲི170བཏང་ནས་ལྷ་བཟོ90ལྷག་གིས་ལོ་ངོ་གཅིག་གི་རིང་དུ་བཞེངས་པ་རེད། གོས་སྐུའི་འདེབས་སུ་ཡུལ་ཤུལ་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ2000ལྷག་གི་མཚན་བཀོད་འདུག
འབྲེལ་ཡོད་འོས་སྦྱོར།
