《བོད་ཀྱི་གསོ་རིག་ཀུན་བཏུས》ལ་རང་རྒྱལ་གསར་འགྱུར་དཔེ་སྐྲུན་ཁྱབ་ཁོངས་ཀྱི་ཆེས་མཐོའི་བྱ་དགའ་ཐོབ།

《བོད་ཀྱི་གསོ་རིག་ཀུན་བཏུས》ལ་རང་རྒྱལ་གསར་འགྱུར་དཔེ་སྐྲུན་ཁྱབ་ཁོངས་ཀྱི་ཆེས་མཐོའི་བྱ་དགའ་ཐོབ།
ཉེ་ལམ། རང་རྒྱལ་གསར་འགྱུར་པར་བསྐྲུན་ཁྱབ་ཁོངས་ཀྱི་ཆེས་མཐོའི་བྱ་དགའ་སྟེ་ཀྲུང་གོའི་དཔེ་སྐྲུན་སྲིད་གཞུང་བྱ་དགའ་དེ་པེ་ཅིང་དུ་བསྒྲགས་པ་མ་ཟད་བྱ་དགའ་གནང་ཞིང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གིས་སྒྲིག་རྩོམ་དང་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་གནང་བའི《བོད་ཀྱི་གསོ་རིག་ཀུན་བཏུས》ལ་སྐབས་གསུམ་པའི་ཀྲུང་གོའི་དཔེ་སྐྲུན་གྱི་སྲིད་གཞུང་བྱ་དགའ་དཔེ་དེབ་ཀྱི་བྱ་དགའ་ཐོབ་པ་དང་། དེ་ནི་ད་ལྟའི་བར་བོད་ཀྱི་གསོ་བ་རིག་པའི་དཔེ་སྐྲུན་ཐད་བླངས་པའི་ཆེས་མཐོའི་བྱ་དགའི་རྣམ་གྲངས་ཤིག་ཡིན་པ་མ་ཟད། 《བོད་ཀྱི་གསོ་རིག་ཀུན་བཏུས》ལ2013ལོའི་མཚོ་སྔོན་ཞིང་ཆེན་ཚན་རྩལ་འཕེལ་རྒྱས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་རྗེས་ཀྱི་གཟེངས་རྟགས་གཞན་ཞིག་ཡིན།

《བོད་ཀྱི་གསོ་རིག་ཀུན་བཏུས》ལ་རང་རྒྱལ་གསར་འགྱུར་དཔེ་སྐྲུན་ཁྱབ་ཁོངས་ཀྱི་ཆེས་མཐོའི་བྱ་དགའ་ཐོབ།
