མཚོ་ནུབ་ཐེམ་ཆེན་རྫོང་སེང་གེ་ཡུལ་ཚོའི་རུ་ཁག་གཉིས་པས་རྟ་རྒྱུག་འགྲན་སྡུར་སྤེལ་པ།

བྱ་དགའ་ཨང་དང་པོ་ཐོབ་མཁན། བོད་རིགས་རྟ་བ་བསམ་བཟང་།
ཉེ་ཆར། ཐེམ་ཆེན་རྫོང་སེང་གེ་ཡུལ་ཚོའི་རུ་ཁག་གཉིས་པས་རྩ་འཛུགས་བྱས་ཏེ། རྟ་རྒྱུག་འགྲན་སྡུར་སྤེལ་པ་དང་། ཐེངས་འདིའི་རྟ་རྒྱུག་འགྲན་སྡུར་ལ་བང་དང་གོམ་པ་རིགས་གཉིས་ཕྱེས་ཡོད་ལ། རྟ་ལ་ཡང་རྟ་ཆེན་དང་རྟ་ཆུང་ཞེས་ཚན་ཁག་གཉིས་བགར་ཡོད།
ཐེངས་འདིའི་འགྲན་སྡུར་ལ་ཐེམ་ཆེན་རྫོང་གི་ས་གནས་སོ་སོའི་རྟ་བ་འགྲན་ཞུགས་པ་གཙོ་བྱས་ཏེ། དབུས་ལམ་རྫོང་དང་གཏེར་ལེན་ཁ་ས་ཁུལ་གྱི་བོད་དང་སོག་པོ། རྒྱ་རིགས་སོགས་ཀྱི་རྟ་བ100ལྷག་ཞུགས་ཡོད།
ཐེངས་འདིའི་འགྲན་བསྡུར་བརྒྱུད་ནས་འབྲོག་པ་མང་ཚོགས་རྣམས་ཀྱི་ལས་ཞོར་གྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། མི་སྣ་ཕན་ཚུན་བར་གྱི་འབྲེལ་འདྲིས་དང་མཐུན་སྒྲིལ་ཇེ་དམ་དུ་བཏང་བ་དང་། དེ་དང་ལྷན་དུ། རྟའི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་རྟ་ལ་བདག་སྐྱོང་བྱེད་པའི་འདུ་ཤེས་བཟང་བོ་ཞིག་ཆགས་སུ་བཅུག་པར་ཕན་ཐོགས་ངེས་ཅན་ཐོན་ཡོད།

བྱ་དགའ་ཨང་ལྔ་བ་ཐོབ་མཁན། སོག་རིགས་རྟ་བ་བརྟན་པོ།
