logo

《བོད་ཀྱི་གསོ་རིག་ཀུན་བཏུས》ཞེས་པར་མཚོ་སྔོན་ཞིང་ཆེན་ཚན་རྩལ་འཕེལ་རྒྱས་ཀྱི་བྱ་དགའ་ཨང་དང་པོ་ཐོབ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-02 ཀློག་གྲངས།:


མཚོ་སྔོན་ཞིང་ཆེན་ཚན་རྩལ་འཕེལ་རྒྱས་ཀྱི་བྱ་དགའ་གནང་བའི་མཛད་སྒོ་བསྡུས་པ།

《བོད་ཀྱི་གསོ་རིག་ཀུན་བཏུས》ཞེས་པར་མཚོ་སྔོན་ཞིང་ཆེན་ཚན་རྩལ་འཕེལ་རྒྱས་ཀྱི་བྱ་དགའ་ཨང་དང་པོ་ཐོབ།
《བོད་ཀྱི་གསོ་རིག་ཀུན་བཏུས》ཞེས་པར་མཚོ་སྔོན་ཞིང་ཆེན་ཚན་རྩལ་འཕེལ་
རྒྱས་ཀྱི་བྱ་དགའ་ཨང་དང་པོ་ཐོབ།(དབུས། འོ་ཚང་ཚོགས་ཆེན།)

      ཟླ3པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་ཚན་རྩལ་བྱ་དགའི་ཚོགས་ཆེན་དེ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་བསྡུས་ཤིང་། ད་ལྟའི་བར་རྒྱལ་ཁབ་ཕྱི་ནང་དུ་གཞི་རྒྱ་ཆེས་ཆེ་བའི་བོད་ཀྱི་གསོ་རིག་ཡིག་ཚགས་སྒྲིག་སྦྱོར་དང་མ་ལག་ལེགས་སྒྲིག་གི་ཞིབ་འཇུག་གྲུབ་འབྲས་ཏེ《བོད་ཀྱི་གསོ་རིག་ཀུན་བཏུས》ཞེས་པར2013ལོའི་མཚོ་སྔོན་ཞིང་ཆེན་ཚན་རྩལ་འཕེལ་རྒྱས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་ཅིང་། མིག་སྔའི་བར་རྒྱལ་ནང་དུ་བོད་ཀྱི་གསོ་རིག་ཡིག་ཚགས་ཞིབ་འཇུག་ཁྱབ་ཁོངས་སུ་བླངས་པའི་ཆེས་མཐོའི་བྱ་དགའ་ཞིག་ཡིན།


《བོད་ཀྱི་གསོ་རིག་ཀུན་བཏུས》།


འབྲེལ་ཡོད་འོས་སྦྱོར།