logo

བོད་ལྗོངས་ཀྱིས་བོད་ཀྱི་རིག་མཛོད་གླིང་བསྐྲུན་འགོ་བརྩམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-28 ཀློག་གྲངས།:


བོད་ལྗོངས་ཀྱིས་བོད་ཀྱི་རིག་མཛོད་གླིང་བསྐྲུན་འགོ་བརྩམས་པ།
西藏自治区首个国家文化产业示范基地正式开建
ཐོན་མིའི་གླིང•བོད་ཀྱི་རིག་མཛོད་གླིང་གི་ཐང་གའི་འགྲེམ་སྟོན་ཁང་གི་འདྲ་དབྱིབས་དཔེ་རིས།

  ཟླ3པའི་ཚེས26ཉིན། བོད་ལྗོངས་ཀྱིས་སྲོལ་རྒྱུན་རིག་གནས་ཁྱབ་བརྡལ་དང་། ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་གོང་སྤེལ་ལ་སྐུལ་འདེད་བྱེད་ཆེད་བསྐྲུན་པའི་“ཐོན་མིའི་གླིང•བོད་ཀྱི་རིག་མཛོད་གླིང”ཞེས་པ་དེ་བོད་ལྗོངས་ལྷ་ས་རུ་དངོས་སུ་བསྐྲུན་འགོ་བརྩམས་ཤིང་། དེས་བོད་ལྗོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་གནས་སྐོར་ཐོན་ལས་ལས་གཞི་ཆེ་ཤོས་དངོས་སུ་བསྐྲུན་འགོ་བརྩམས་པ་མཚོན་ཐུབ།
  བོད་ཀྱི་རིག་མཛོད་གླིང་དེ་མ་འོངས་པར་སྲོལ་རྒྱུན་རིག་གནས་འགྲེམ་སྟོན་དང་དེར་རོལ་མྱོང་བྱེད་པ། འཆར་འགོད་ལྟར་ན་བོད་ཀྱི་རིག་མཛོད་གླིང་གི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་མུའུ2000ཡོད་པ་དང་། དུས་རིམ་གསུམ་དུ་བགོས་ནས་འཛུགས་སྐྲུན་བྱེད་རྒྱུ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་བོད་ཀྱི་རིག་མཛོད་གླིང་དེ་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་དུ་ཆགས་ཤིང་། ལྷ་སའི་གྲོང་ཁུལ་དང་སྤྱི་ལེ20ཡོད། རིག་མཛོད་གླིང་གི་དུས་རིམ་དང་པོའི་འཆར་བཀོད་ཁྲོད་གཙོ་བོ་ཐང་གའི་སྒྱུ་རྩལ་ལྟེ་གནས་དཀྱིལ་སྙིང་དུ་བཟུང་ནས། བོད་ཀྱི་སྲོལ་རྒྱུན་རིག་གནས་འགྲེམ་སྟོན་ས་ཁུལ་དང་བོད་ལུགས་གསོ་རིག་གི་ཁམས་གསོ་ས་ཁུལ་སོགས་ཕན་ནུས་ས་ཁུལ་བདུན་འདུས་པ་རེད། དུས་རིམ་གཉིས་པ་དང་གསུམ་པའི་ཁྲོད་ཐང་གའི་སྒྱུ་རྩལ་སློབ་གླིང་དང་བོད་ཀྱི་སྲོལ་རྒྱུན་བཟོ་བཀོད་འགྲེམ་སྟོན་ས་ཁུལ་སོགས་བསྐྲུན་རྒྱུ་རེད།
 


འབྲེལ་ཡོད་འོས་སྦྱོར།