ཚྭ་འདམ་ལ་བསྟོད་གླུ་འབུལ་ཞེས་ལོ་གསར་ཆེད་སྒྲིག་འོད་སྡེར་འགྲེམ་སྤེལ་གྱི་བཞུགས་མོལ་ཚོགས་འདུ་བསྡུས།
ཚྭ་འདམ་ལ་བསྟོད་གླུ་འབུལ་ཞེས་ལོ་གསར་ཆེད་སྒྲིག་འོད་སྡེར་འགྲེམ་སྤེལ་གྱི་བཞུགས་མོལ་ཚོགས་འདུ་བསྡུས།
ཉེ་ཆར། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་། མཚོ་ནུབ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཅུའུ། ཚྭ་འདམ་གཞོང་མི་རིགས་རིག་གནས་དར་སྤེལ་ལྟེ་གནས་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་ཚྭ་འདམ་ལ་བསྟོད་གླུ་འབུལ་ཞེས་པའི་2014ལོའི་ལོ་གསར་ཆེད་སྒྲིག་གི་འོད་སྡེར་འགྲེམས་སྤེལ་གྱི་བཞུགས་མོལ་ཚོགས་འདུ་དེ་གཏེར་ལེན་ཁ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་རིག་གནས་བྱ་འགུལ་ལྟེ་གནས་ནས་བསྡུས་པ་དང་། མཚོ་ནུབ་ཁུལ་གྱི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཉིག་བཅོན་དང་། མཚོ་ནུབ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་རིན་ཧེ་ཡུན་བཅས་བཞུགས་མོལ་ཚོགས་འདུ་ལ་ཞུགས་ཤིང་།མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་། མཚོ་ནུབ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཅུའུ། ས་གནས་ཀྱི་སྒྱུ་རྩལ་ཚོགས་པ། གཞོན་ནུ་ལོ་ཆུང་གི་རིག་གནས་བྱ་འགུལ་ལྟེ་གནས་ཀྱི་ལས་བྱེད་མི་སྣ་བཅས་བཞུགས་མོལ་ཚོགས་འདུ་ལ་ཟབ་ཞུགས་བྱས།
ཉིག་བཅོན་གྱིས་གཏམ་བཤད་ཁྲོད་བསྟན་དོན། ཐེངས་འདིའི་ཆེད་སྒྲིག་འདི་བརྒྱུད་ནས་གཞི་རིམ་གྱི་རིག་གནས་དར་སྤེལ་དང་འཕེལ་རྒྱས། སྔོག་འདོན་ལ་ནུས་པ་གང་ལེགས་ཐོན་ཡོད་པར་མི་ཟད། བརྙན་ཕབས་སོགས་ཀྱི་གོ་རིམ་ལ་འགྲོ་སྒོ་ཆེས་ཉུང་ཉུང་བཏང་ཞིང་། གྲུབ་འབྲས་ཆེས་བཟང་བོ་བླངས་ལ། དྲིལ་སྒྲོག་ཆེས་ཆེན་པོ་བྱས་པ་འདིས་རྗེས་ཕྱོགས་ཀྱི་རིག་རྩལ་ལས་དོན་སྐུལ་འདེད་ལ་རྨང་གཞི་བརྟན་མོ་ཞིག་བཏང་། ཆེད་སྒྲིག་འདི་བརྒྱུད་ནས་མཚོ་ནུབ་ཀྱི་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་དར་སྤེལ་དང་མངོན་འགྱུར་ལ་ནུས་པ་གང་ལེགས་ཐོན་ཡོད། རྗེས་ཕྱོགས་རིག་གནས་གཙོ་སྒྲུབ་སྡེ་ཁག་གིས་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་དང་གཏིང་ཟབ་པའི་ལོ་རྒྱུས་ཐོན་ཁུངས་སྔོག་འདོན་དང་ལེགས་སྒྲིག་གང་ལེགས་བྱས་ཏེ། མང་ཚོགས་དང་ཉེ་བར་བཅར་ལ། འཚོ་བ་དངོས་ལ་ཟབ་ཞུགས་བྱས་ཏེ། རང་ས་ཁུལ་གྱི་དམངས་ཁྲོད་རིག་རྩལ་གྱི་འཇོན་མི་གང་མང་ཞིག་སྐྱེད་སྲིང་བྱས་ཏེ་རིག་རྩལ་གྱི་དཔུང་སྡེ་ཇེ་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན།
ཚྭ་འདམ་ལ་བསྟོད་གླུ་འབུལ་ཞེས་པའི2014ལོའི་ལོ་གསར་ཆེད་སྒྲིག་འོད་སྡེར་འདི་ལ་སོག་རིགས་ཀྱི་འབྱོར་ཕྱུག་གི་སྨོན་འདུན་ཞེས་པ་དང་། བོད་རིགས་ཀྱི་བཀྲ་ཤིས་པའི་སྨོན་འདུན། རྒྱ་རིགས་ཀྱི་བཀྲ་ཤིས་པའི་གླུ་སྐད་གསེར་མདོག་གི་ཚྭ་འདམ་ལ་ཁྱབ་པ་ཞེས་ཁག་གསུམ་གྱིས་གྲུབ་ཡོད་ལ། འདི་ཡིས་མཚོ་ནུབ་ས་ཁུལ་གྱི་མི་རིགས་རིག་གནས་གོང་འཕེལ་དུ་འགྲོ་བཞིན་པའི་རྣམ་པ་དངོས་མཚོན་པར་བྱེད་དོ།།