ཁམས་པ་བརྙན་འཕྲིན་ཁང་དྲ་རྒྱའི་ཆེད་དམིགས་བྱ་བའི་རྟོག་ཞིབ་ཚན་ཆུང་མཚོ་སྔོན་པོ་དྲ་བར་རྟོག་ཞིབ་ཏུ་ཕེབས་པ།
ཟླ3ཚེས20ཉིན། སི་ཁྲོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་གྱི་གྲངས་ཉུང་མི་རིགས་སྐད་བརྡའི་བསྒྱུར་སྒྲིག་དང་སྒྲོག་སྤེལ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་དབྱཱང་ཅོན་ཞང་སོགས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་ཡོང་ནས། མཚོ་སྔོན་པོ་དྲ་བའི་འཛུགས་སྐྲུན་དང་འཕེལ་རྒྱས། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་གྱི་ལས་གཞི་སོགས་ནས་རྟོག་ཞིབ་ཟབ་མོ་གནང་བ་རེད།
མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན་ཚེ་ལོ་ལགས་ཀྱིས་མཚོ་སྔོན་པོ་དྲ་བ་ཐོག་མར་བསྐྲུན་པ་ནས་རིམ་གྱིས་འཕེལ་རྒྱས་བྱུང་ཚུལ་དང་། ད་ལྟའི་གནས་བབ་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་ཐོག ཡོངས་འཛིན་འཚོལ་བཤེར་མ་ལག་འདོན་སྤེལ་ལས་གཞིའི་འཛུགས་སྐྲུན་གནས་ཚུལ་དང་མ་འོངས་པར་འཛམ་གླིང་གི་དྲ་རྒྱའི་ཆ་འཕྲིན་གྱི་ཀློང་དུ་བོད་ཡིག་ཆ་འཕྲིན་ཅན་ཏུ་བསྒྱུར་བར་དེར་ལོ་རྒྱུས་གྱི་དོན་སྙིང་དང་སྤྱི་ཚོགས་ཀྱི་རིན་ཐང་གལ་ཆེན་ལྡན་པའི་ཚུལ་བརྗོད་པ་རེད།
སི་ཁྲོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་གྱི་གྲངས་ཉུང་མི་རིགས་སྐད་བརྡའི་བསྒྱུར་སྒྲིག་དང་སྒྲོག་སྤེལ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་དབྱཱང་ཅོན་ཞང་ལགས་ཀྱིས་ཐེངས་འདིར་རྟོག་ཞིབ་ཏུ་ཡོང་བའི་དམིགས་འབེན་བརྗོད་པ་སྟེ། ཁམས་པ་བརྙན་འཕྲིན་ཁང་གི་དྲ་རྒྱའི་ཆེད་དམིགས་བྱ་བའི་རྟོག་ཞིབ་ཚན་ཆུང ་དེ་གཙོ་བོ་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ་དང་ཀྲུང་གོའི་བོད་ཀྱི་དྲ་བ། མཚོ་སྔོན་པོ་དྲ་བ་བཅས་སུ་ཡོང་ནས་ཡུལ་དངོས་སུ་རྟོག་ཞིབ་བྱས་ཏེ་དྲ་རྒྱ་འཛུགས་པའི་ཉམས་མྱོང་ལ་སློབ་སྦྱོང་དང་ཕན་ཚུན་བརྗེ་རེས་བྱས་ནས། ཁམས་པ་བརྙན་འཕྲིན་དྲ་བ་ཇེ་ལེགས་ཇེ་རྒྱས་སུ་གཏོང་བར་གྲ་སྒྲིག་བྱེད་ཀྱིན་ཡོད་པ་རེད།