logo

མགར་བསམ་འགྲུབ་ཚེ་རིང་གིས་མཚོ་སྔོན་བྲག་དཀར་རྫོང་དུ་གླུ་གཞས་ཆེད་ཚོགས་འཚོགས་རྒྱུ་རེད།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-22 ཀློག་གྲངས།:

新生代藏族歌手三智才让即将举办个人演唱会
མགར་བསམ་འགྲུབ་ཚེ་རིང་གི་མི་སྒེར་གྱི་གླུ་ལེན་ཆེད་ཚོགས་ཀྱི་ཁྱབ་སྒྲོག་པར་རིས།

  དེང་རབས་ན་གཞོན་གཞས་པ་མགར་བསམ་འགྲུབ་ཚེ་རིང་གི་མཚོ་སྔོན་འཁོར་སྐྱོད་མི་སྒེར་གླུ་ལེན་ཆེད་ཚོགས་ཏེ་སྐད་ངག་གི་ས་ལམ་ཞེས་པའི་འཚོགས་ཐེངས་གཉིས་པའམ་ས་ཚིགས་གཉིས་པ་དེ་ཟླ3པའི་ཚེས28ཉིན་གྱི་ཕྱི་དྲོའི་ཆུ་ཚོད2:30སྟེང་མཚོ་ལྷོ་ཁུལ་བྲག་དཀར་རྫོང་གི་གསེར་གཞོངས་གླིང་ག་ནས་གཟབ་རྒྱས་ངང་འཚོགས་རྒྱུ་ཡིན་ལ།  གླུ་ལེན་ཆེད་ཚོགས་སྟེང་བོད་ཀྱི་ན་གཞོན་གཞས་པ་གྲགས་ཅན་རྡོ་རྗེ་ཚེ་བརྟན། མགོ་ལོག་རྒྱལ་མཚན། བསོད་ནམས་སྟོབས་རྒྱལ།  དངོས་གྲུབ་སྒྲོལ་མ། གཙང་རྟ་མགྲིན། འབའ་ཨ་ཀུན། 0971གཞས་ཚོགས།lostteamགཞས་ཚོགས་སོགས་ཀྱང་ཆེད་དུ་གདན་ཞུ་བྱས་ཡོད་པ་རེད།
  ཐེངས་འདིར་གླུ་བ་མགར་བསམ་འགྲུབ་ཚེ་རིང་གིས་་སྒྲ་སྙན་དཀྲོལ་ལེན་གཙོར་བྱས་ཐོག དེང་རབས་གཞས་གསར་གྱི་འགྱུར་ཁུག་སྣ་ཚོགས་ཡུལ་དངོས་ཀྱི་གར་སྟེགས་བརྒྱུད་ནས་ཐད་ལེན་བྱེད་རྒྱུ་ཡིན་པས་རྒྱ་ཆེའི་གཞས་མོས་པ་རྣམས་ཀྱི་བཅུད་ལེན་རྣ་བའི་བདུད་རྩི་རུ་འགྱུར་ངེས།


མགར་བསམ་འགྲུབ་ཚེ་རིང་གི་མི་སྒེར་གྱི་གླུ་ལེན་ཆེད་ཚོགས་ཀྱི་ཁྱབ་སྒྲོག་པར་རིས།


འབྲེལ་ཡོད་འོས་སྦྱོར།