བོད་ལྗོངས་བྱམས་པ་གླིང་དགོན་དུ་མེ་ཏོག་མཆོད་པ་འབུལ་བའི་ཆོ་ག་སྤེལ་བ།

བོད་ལྗོངས་བྱམས་པ་གླིང་དགོན་དུ་མེ་ཏོག་མཆོད་པ་འབུལ་བའི་ཆོ་ག་སྤེལ་བ།
བོད་ལྗོངས་བྱམས་པ་གླིང་དགོན་དུ་མེ་ཏོག་མཆོད་པ་འབུལ་བའི་ཆོ་ག་སྤེལ་བ།
ཟླ3པའི་ཚེས16ཉིན་ཏེ་བོད་ལུགས་ཀྱི་ཟླ1པོའི་ཚེས15ཉིན། བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་དགེ་ལུགས་པའི་དགོན་སྡེ་ཆེན་མོ་སྟེ་བྱམས་པ་གླིང་དགོན་དུ་བཅོ་ལྔའི་མེ་ཏོག་མཆོད་པ་འབུལ་བའི་ཆོ་ག་སྤེལ་བ་རེད། ལོ་རེའི་བོད་ལུགས་ཀྱི་ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན་མེ་ཏོག་མཆོད་པ་འབུལ་བ་ནི་དགོན་པ་དེ་གའི་རྒྱུན་སྲོལ་དུ་ཆགས་འདུག
བྱམས་པ་གླིང་དགོན་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་སྲོལ་གཏོད་མཁན་རྗེ་ཙོང་ཁ་པའི་སློབ་མ་ཤེས་རབ་བཟང་པོས་སྤྱི་ལོ1444ལོར་ཕྱག་བཏབ་པ་དང་། དགོན་སྡེའི་ནང་གི་རྟེན་གཙོ་ནི་རྒྱལ་བ་བྱམས་པ་ཡིན་པ་རེད། ཆབ་མདོ་བྱམས་པ་གླིང་དགོན་ནང་སྤྲུལ་སྐུ་ཆེ་བ་ལྔའི་གདུང་རབས་ཡོད་པ་དང་གྲྭ་ཚང་བཅུ་གཉིས་ཡོད་པ་རེད། མིག་སྔར་དགོན་པ་དེའི་ནང་བཙུན་པ་སྟོང་གཅིག་ལྷག་ཡོད་པ་དང་ཉེ་འཁོར་དུ་དགོན་ཆུང70ཡོད་པ་རེད།
