logo

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་ཁྲི་ཀའི་ཀ་རིང་ཡུལ་ཚོ་རུ་སྨན་སྦྱིན་གཏོང་བའི་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-10 ཀློག་གྲངས།:


མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་ཁྲི་ཀའི་ཀ་རིང་ཡུལ་ཚོ་རུ་སྨན་སྦྱིན་གཏོང་བའི་བྱ་འགུལ་སྤེལ་བ།
青海省藏医院赴贵德县尕让乡开展送医送药活动
མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་ཁྲི་ཀའི་ཀ་རིང་ཡུལ་ཚོ་རུ་སྨན་སྦྱིན་གཏོང་བའི་བྱ་འགུལ་སྤེལ་བ།

  ཟླ3པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཕོ་བ་དང་རྒྱུ་མའི་ཚན་ཁག་དང་། ཀླད་སྙིང་ཚན་ཁག་སོགས་ཀྱི་ཆེད་མཁས་སྨན་པ་དང་ནད་གཡོག་མི་སྣས་གྲུབ་པའི་འགན་བབ་སྨན་བཅོས་སྡེ་ཁག་གིས་སྨན་རྫས་སོགས་འཁྱེར་ནས་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོར་རིན་མི་ལེན་པར་འགན་བབ་སྨན་བཅོས་ཀྱི་བྱ་འགུལ་སྤེལ་བ་རེད།
  མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་ཡུལ་དེའི་མང་ཚོགས་ལ་ཁྲག་ཤེད་ལ་ལྟ་བ་དང་། རྩ་ལ་བརྟག་པ། སྨན་སྟེར་བ། བདེ་ཐང་སློབ་གསོའི་དྲིལ་སྒྲོག་རྒྱུ་ཆ་འགྲེམ་པ་སོགས་བརྒྱུད་ནས་སྨན་བཅོས་ཞབས་ཞུ་བསྒྲུབས། ཐེངས་འདིའི་བྱ་འགུལ་ཁྲོད་མང་ཚོགས200ལ་ཉེ་བར་ལུས་ཕུང་ཞིབ་བཤེར་བྱས་པ་དང་། སྨན་རྫས་རིགས100ལྷག་རིན་མ་ལེན་པར་གནང་ལ། རིན་ཐང་སྒོར2000ལྷག་གི་སྨན་སྦྱིན་བཏང་བ་རེད།


མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་ཁྲི་ཀའི་ཀ་རིང་ཡུལ་ཚོ་རུ་སྨན་སྦྱིན་གཏོང་བའི་བྱ་འགུལ་སྤེལ་བ།


འབྲེལ་ཡོད་འོས་སྦྱོར།