འབའ་ཐང་རྫོང་གིས་རིག་གནས་སྤྲོ་སྟོན་ཚོགས་ནས་ལོ་སར་རོལ་བ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-03-04
ཀློག་གྲངས།:
འབའ་ཐང་བྱིས་པའི་མཉམ་ལེན་ཚོགས་པས་འཁྲབ་སྟོན་བྱེད་བཞིན་པ།
ཤིང་རྟ་ལོའི་བོད་ལུགས་ལོ་སར་གྱི་སྐབས་སུ་སི་ཁྲོན་དཀར་མཛེས་ཁུལ་འབའ་ཐང་རྫོང་གི་བྱིས་པའི་མཉམ་ལེན་ཚོགས་པ་དང་རྫོང་དེའི་མི་དམངས་སློབ་ཆུང་གི་སྒྱུ་རྩལ་ཚོགས་པ་གཉིས་ཁམས་བརྙན་འཕྲིན་ཁང་གི་གདན་ཞུ་ལྟར་བོད་ལུགས་ལོ་སར་ལེ་ཚན་གྱི་ཕབ་བསྐྲུན་ཁྲོད་ཞུགས་ནས། སི་ཁྲོན་དང་ཡུན་ནན། བོད་ལྗོངས། མཚོ་སྔོན། ཀན་སུའུ་བཅས་ལྗོངས་ཞིང་ལྔའི་འཁྲབ་སྟོན་པ་ཚོ་དང་མཉམ་དུ་གཟིགས་མོ་བ་ཡོངས་ཀྱི་སྤྱན་ལམ་དུ་མིག་གི་དགའ་སྟོན་ཕུན་སུམ་ཚོགས་པ་ཞིག་བཤམས་པ་རེད།
སྤྲོ་ཚོགས་སྟེང་འབའ་ཐང་བྱིས་པའི་མཉམ་ལེན་ཚོགས་པས《གསལ་བྱེད་སུམ་ཅུའི་གླུ》དང《ཁོར་ཡུག་སྲུང་སྐྱོབ་ཀྱི་གྱོན་ཆས》། 《གེ་སར་རྒྱལ་པོའི་གྱོན་ཆས་ངོམ་པ》སོགས་ཀྱི་ལྟད་མོ་སྣ་ཚོགས་འཁྲབ་སྟོན་བྱས་ནས་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།
འབྲེལ་ཡོད་འོས་སྦྱོར།