logo

པེ་ཅིང་གི་བོད་ལྗོངས་སློབ་འབྲིང་གི་སློབ་མས་བོད་ལུགས་ལོ་གསར་རོལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-03 ཀློག་གྲངས།:

北京西藏中学学生喜迎藏历木马新年
པེ་ཅིང་གི་བོད་ལྗོངས་སློབ་འབྲིང་གི་སློབ་མས་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

པེ་ཅིང་གི་བོད་ལྗོངས་སློབ་འབྲིང་གི་སློབ་མས་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

  ཟླ2པའི་ཚེས28ཉིན། པེ་ཅིང་དུ་ཡོད་པའི་བོད་ལྗོངས་སློབ་འབྲིང་གི་སློབ་མ800ལྷག་རང་ཡུལ་དང་གྱེས་ནས་སློབ་གྲྭ་དེ་གའི་དགེ་རྒན་རྣམས་དང་མཉམ་དུ་གླུ་ལེན་གར་རྩེད་ཀྱི་ལྟད་མོ་ཕུན་སུམ་ཚོགས་པ་འཁྲབ་སྟོན་བྱས་ཏེ། བོད་ལུགས་ཤིང་ཕོ་རྟ་ལོའི་ལོ་གསར་ལ་རོལ་བ་རེད།
  པེ་ཅིང་གི་བོད་ལྗོངས་སློབ་འབྲིང་ནི1987ལོར་བཙུགས་ཤིང་། པེ་ཅིང་གྲོང་ཁྱེར་གྱིས་བོད་ལྗོངས་ལ་སློབ་གསོའི་རོགས་སྐྱོར་གནང་བའི་ལས་ཁུངས་གལ་ཆེན་ཞིག་ཡིན་ལ། མིག་སྔའི་བར་དུ་མཐར་ཕྱིན་སློབ་མ5000ལྷག་སྐྱེད་སྲིང་བྱས་པ་དང་། དེའི་ཁྲོད་སློབ་མ4000ལྷག་ཕྱིར་བོད་ལྗོངས་སུ་ལོག་ནས་བོད་ལྗོངས་འཛུགས་སྐྲུན་དང་གོང་སྤེལ་གྱི་བྱ་གཞག་ཁྲོད་ཞུགས་ཡོད་པ་རེད།
 


འབྲེལ་ཡོད་འོས་སྦྱོར།