logo

གསེར་ཆེན་བུམ་པའི་དམངས་ཁྲོད་མདའ་རྩེད་ལས་སྐྱེས་མའི་མདའ་འཕེན་འགྲན་སྡུར་མཇུག་རྫོགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-14 ཀློག་གྲངས།:

“赛尔钦杯”民间传统射箭大赛女子射箭部分落下帷幕
འགྲན་སྡུར་བྱེད་བཞིན་པའི་ཡུལ་དངོས།

  ཟླ2པའི་ཚེས13ཉིན། གསེར་ཆེན་བུམ་པའི་དམངས་ཁྲོད་མདའ་འཕེན་འགྲན་སྡུར་ལས་སྐྱེས་མའི་མདའ་འཕེན་འགྲན་སྡུར་དེ་གསེར་ཆེན་རྫོང་དུ་མཇུག་རྫོགས་པ་རེད།
  གསེར་ཆེན་རྫོང་སྐྱེས་མའི་མདའ་འཕེན་རུ་ཁག་གནི་ལས་ཁུངས་དང་སྡོད་ཁུལ་སོགས་ནས་ཡོང་བའི་སྐྱེས་མའི་མདའ་འཕེན་ཚོ་ཆུང12ཡིས་གྲུབ་ཅིང་། འགྲན་སྡུར་རབས་དང་རིམ་པ་སྤེལ་མཐར་གསེར་ཆེན་རྫོང་ཐད་གཏོགས་ལས་ཁུངས་ཀྱི་འཐུས་ཚབ་རུ་ཁག་དང་། ཐང་སྐར་མ་གྲོང་རྡལ་གྱི་འཐུས་ཚབ་རུ་ཁག  ཆབ་ཆ་གྲོང་རྡལ་དབུས་གྲོང་སྡོད་ཁུལ་གྱི་འཐུས་ཚབ་རུ་ཁག་བཅས་རུ་ཁག་གསུམ་རྟིང་རྩོད་འགྲན་སྡུར་དུ་ཚུད་པ་རེད།
  རྟིང་རྩོད་འགྲན་སྡུར་ཁྲོད་རུ་ཁག་གསུམ་པོ་དེ་ཚོ་ཆུང་གསུམ་དུ་བགོས་ནས་འགྲན་སྡུར་བྱས་མཐར་ཐང་སྐར་མ་གྲོང་རྡལ་གྱི་འཐུས་ཚབ་རུ་ཁག་གིས་བྱ་དགའ་ཨང་དང་པོ་བླངས་པ་རེད།


འགྲན་སྡུར་བྱེད་བཞིན་པའི་ཡུལ་དངོས།

 


འབྲེལ་ཡོད་འོས་སྦྱོར།