སློབ་མ་རྡོ་རྗེ་མཁར་དང་ཁ་ལོ་བ་ཨོ་རྒྱན་བཀྲ་ཤིས་སོགས་ལ་གཟི་བརྗིད་མཚན་སྙན་ཐོབ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ།
དུས་ཚོད།:2014-02-13
ཀློག་གྲངས།:
ཉེ་ལམ་བསྡུས་པའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་དང་བདེ་འཇགས་ཀྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་སྔོན་ཐོན་ཐུན་མོང་དང་། སྔོན་ཐོན་བྱ་བ་སྒྲུབ་མཁན་སྐོར་ཞིག་ལ་གཟེངས་བསྟོད་ཐོབ། གཞན་གྱི་དོན་དུ་རང་སྲོག་གཏོང་ཕོད་པའི་དཔའ་བོ་དགུ་ལ“མཚོ་སྔོན་ཞིང་ཆེན་གྱི་གཞན་དོན་དུ་རང་སྲོག་གཏོང་ཕོད་པའི་དཔའ་བོ”དང་། “གཞན་དོན་དུ་རང་སྲོག་གཏོང་ཕོད་པའི་དཔའ་མཛངས”། “གཞན་དོན་དུ་རང་སྲོག་གཏོང་ཕོད་པའི་སྔོན་ཐོན་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་གནང་།
དཔའ་བོ་དཔེ་ལེགས་ཅན་དེ་དག་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཀ་ཧེ་གྲོང་རྡལ་ཀའོ་ལེ་མུའུ་སྡེ་བའི་སྡེ་དམངས་ཝེ་པེན་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་དུ་སྐྱེས་པའི་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སྡེ་ཚོགས་ཅང་ཧན་རྡོ་སྣུམ་མཐོ་རིམ་ལག་རྩལ་སློབ་གྲྭའི་སློབ་མ་རྡོ་རྗེ་མཁར། ཧོང་ཀྲུང་རྫོང་སློབ་འབྲིང་དང་པོའི་མཐོ་འབྲིང་དང་པོའི་འཛིན་གྲྭ་གསུམ་པའི་སློབ་མ་ལིས་ཆི་ཉན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆུ་ལེན་རྫོང་མི་རིགས་སློབ་འབྲིང་ལོ་རིམ་དགུ་བའི་འཛིན་གྲྭ་བདུན་པའི་སློབ་མ་ཙན་ཧྥུའུ་ལེན། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཚྭ་འདམ་གཞོང་ཆེ་བའི་ཧའོ་དབྱང་གྲོང་ཁྱེར་ཞབས་ཕྱི་ཚད་ཡོད་ཀུང་ཟིའི་ཁོངས་མི་དབྱི་ཅེ་ཆིན། ཏ་ཐུང་རྫོང་ཅིན་དབྱང་གྲོང་རྡལ་ཞོ་ཀྲེ་སྡེ་བའི་སྡེ་དམངས་ཐུང་ཞེའོ་ཀྲུའུ། ཀྲང་ཅི་ཞང་། ཀྲང་ཧྥུའུ་ལིན། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་མི་དམངས་སྨན་ཁང་གི་རླངས་འཁོར་ཁ་ལོ་བ་ཨོ་རྒྱན་བཀྲ་ཤིས་སོགས་རེད།
གྲོས་ཚོགས་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁོ་ཚོ་མིག་དཔེར་བལྟས་ནས། གཞན་དོན་དུ་རང་སྲོག་གཏོང་ཕོད་པའི་སྙིང་སྟོབས་དར་སྤེལ་བྱས་ནས་བདེ་འཇགས་ཀྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་བྱ་བར་ཞུགས་དགོས་པ་དང་། མཉམ་དུ་སྤྱི་ཚོགས་བརྟན་འཇགས་ཡོང་བའི་སྒྲིག་ལམ་སྲུང་སྐྱོབ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་ཞེས་པའི་འབོད་སྐུལ་བཏང་།

འབྲེལ་ཡོད་འོས་སྦྱོར།